R1138: མངོན་པར་བརྗོད་པ་འབུམ་པ་ལས་ཕྱུང་བ་ཉུང་ངུའི་རྒྱུད་ཀྱི་བསྡུས་པའི་དོན་རྣཾ་པར་བཤད་པ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༨༡ན
[A:༨༡ན][...]Printing Colophon, f. 81a3-7 སྭསྟི། བདེ་ཆེན་དང་པོའི་སངས་རྒྱས་ཀྱི།། མངོན་བརྗོད་འབུམ་པ་ཆེན་པོ་ལས།། བདེ་མཆོག་ཉུང་དུ་རྣམ་པར་ཕྱུང།། ལེའུ་དང་པོའི་ཤོ་ལོ་ཀ།། ཕྱེད་དང་བཅས་པའི་བཅུ་ལ་ནི།། ཕྱག་ན་རྡོ་རྗེས་འགྲེལ་པ་མཛད།། སྟོད་ན་ལས་ཚོགས་ཤིན་ཏུ་ཕྱུག།། སྨད་ན་དབང་དང་རྫོགས་པའི་རིམ།། གསང་འདུས་དམ་ཚིག་བཞི་ཡིས་བརྒྱན།། སེམས་འགྲེལ་གསུམ་ལ་གཏོགས་པའི་ཕྱིར།། མཐུན་རྐྱེན་གོ་བི་ཙནྡྲ་བའི།། ཚོགས་པའི་འབྲུ་ལས་ལེགས་པར་བགྱིས།། ཡོན་དང་རྡོར་བུ་ལ་སོགས་པ།། ཀ་བཞི་ནང་སོ་ཆེ་ནས་སྦྱར།། ཡོན་ཏན་གླིང་པའི་ཡིག་ཕྲེང་བཞིན།། བླ་གནས་ཉི་མ་དབང་ཆེན་དང།། ཕྱོགས་རིགས་ཀྱི་ནི་དཔོན་མོ་ཆེ།། རྡོ་རྗེ་བརྟན་པ་སོགས་ཀྱིས་བརྐོས།། སེམས་འགྲེལ་ལྷག་མ་གཉིས་པོ་ཡི།། དབུ་ལྷའི་འདུ་བྱེད་མཁས་མཆོག་ཡིན།། ཞུས་དག་དགེ་སློང་རྡོ་རྗེ་འཛིན།། སངས་རྒྱས་སེང་གེ་གཉིས་ཀྱིས་བགྱིས།། ས་ཁྱི་ཟླ་བདུན་ཉེར་གཉིས་ལ།། ཀུན་དགས་དཔོད་ལྟར་ཤེར་སྣང་བྲིས།། འདི་ལ་ཀུན་གྱིས་འཆད་མཉན་མཛོད།། འདི་ཡི་དགེ་བ་ཟླ་འདྲ་དེས།། མ་ལུས་སེམས་ཅན་ཐམས་ཅད་ཀྱིས།། ཀུན་བཟང་སྡོམ་འགྲུབ་གྱུར་ཅིག།།།