R1142: ཆོས་ཀྱི་རྗེ་ཀརྨཱ་ཕྲིན་ལས་པའི་གསུང་འབུམ་ལས་ཐུན་མོང་བའི་དྲི་ལན་གྱི་ཕྲེང་བ་རྣམས། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༦༨བ
[A:༦༨བ][...]Printing Colophon, ff. 68b6-69a6 སིདྡྷིརསྟུ། དྲི་མེད་མཁྱེན་པའི་ལྷ་ལམ་ཡངས་པ་ལ། །དྲི་བྲལ་ཐུགས་རྗེའི་ཚ་ཟེར་སྟོང་འཕྲོས་པས། །དྲི་བཅས་རྟོག་པའི་འདམ་རྫབ་སྐེམས་མཛད་པ། །དྲི་ཀུན་ལན་གྱིས་ཚིམ་མཛད་གང་དེ་རྒྱལ། །རྣམ་དག་ལེགས་པར་བཤད་པའི་གསུང་རབ་འདི། །རྣམ་གྲོལ་འབྲས་བུ་འབྱུང་བའི་གཏེར་སྒོ་སྟེ། །རྣམ་དཔྱོད་བློ་ལྡན་ཀུན་གྱི་དགའ་སྟོན་དུ། །རྣམ་པར་རྒྱལ་བའི་ལྷ་དེས་བཀའ་དྲིན་སྩལ། །གཞུང་