R1142: ཆོས་ཀྱི་རྗེ་ཀརྨཱ་ཕྲིན་ལས་པའི་གསུང་འབུམ་ལས་ཐུན་མོང་བའི་དྲི་ལན་གྱི་ཕྲེང་བ་རྣམས། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༦༩ན
[A:༦༩ན]༄༅། །འདིའི་ཕྲིན་ལས་རྒྱ་ཆེར་སྤེལ་བའི་ཕྱིར། །རྒྱལ་བའི་དགོངས་པ་ཇི་བཞིན་སྒྲུབ་མཁས་པ། །རྒྱུད་སྡེའི་སློབ་དཔོན་རིན་ཆེན་བཟང་པོ་དང། །ལུགས་གཉིས་བཀའ་ཡི་འཁོར་ལོ་བསྒྱུར་མཛད་པ། །ཟླ་འོད་རྣམ་པར་རྒྱལ་བ་རྣམ་གཉིས་ཀྱིས། །རྣམ་དཀར་མཛད་བཟང་མཚོན་པའི་སྦྱིན་པའི་ཕྱག། །རིང་པོར་བརྐྱངས་ཏེ་འདོད་དགུའི་ལོངས་སྤྱོད་ཀྱི། །ཕྱག་ལེན་མཐུན་རྐྱེན་བསྒྲུབས་པ་ལ་བརྟེན་ནས། །གཟུགས་མཛེས་ཡི་གེའི་མཁན་པོ་ཐུ་མིའི་བུ། །མཁས་པའི་མཁས་པ་རྡོ་རྗེ་ཚེ་དབང་སྟེ། །གསེགས་གཅོད་ལག་སོར་རྩེ་ལ་རོལ་རྩེད་མཁན། །སྤྲུལ་པའི་བཟོ་བོ་ཚེ་བརྟན་རྡོ་རྗེས་བརྐོས། །ལེགས་བྱས་དགེ་བའི་འོད་དཀར་ཕུང་པོ་དེས། །རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་དང། །ཁྱད་པར་རྒྱལ་དབང་ཀརྨ་ཕྲིན་ལས་པའི། །སྐུ་ཚེའི་རྒྱལ་མཚན་ནམ་མཁའ་གནས་ཀྱི་བར། །མི་ནུབ་བརྟན་ཞིང་བློ་གསལ་གདུལ་བྱའི་ཚོགས། །བཤད་སྒྲུབ་དར་རྒྱས་གོང་དུ་འཕེལ་གྱུར་ཅིག། །ཅེས་བརྗོད་དེ། འཕགས་པའི་ཡུལ་དུ་བསྒྱུར་བྱེད་དུ་གྲགས་པ་ས་མོ་ཕག་ལོ་ཧོར་ཟླ་དྲུག་པའི་ཚེ་བདུན་གྱི་ཉི་མ་མེ་བཞིའི་གྲུབ་སྦྱོར་དང་ལྡན་པའི་དུས་དགེ་བ་ལ་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་པའི་ཆོས་ཀྱི་འདུན་ས་ཆེན་པོ་རིན་ཆེན་རི་བོ་ལེགས་པར་བཤད་པའི་གླིང་དུ་ཡོངས་སུ་རྫོགས་པར་གྲུབ་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག