R1144: མངོན་རྟོགས་རྒྱན་གྱི་འགྲེལ་བ་འཇིག་རྟེན་གསུམ་སྒྲོན། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༢༧༨
[A:༢༧༨][...]Printing Colophon, pp. 278.8-279.18 ཅེས་ས་ཕོ་བྱི་བའི་ལོ་ཧོར་ཟླ་དྲུག་པའི་དཀར་ཚེས་གཉིས་པའི་སྔ་དྲོའི་ཆ་རྒྱལ་ཕུར་གྱི་འགྲུབ་སྦྱོར་དང་ལྡན་པའི་དུས་དགེ་བ་ལ་རྣམ་ཐོས་ཀྱི་རི་བོའི་སྒྲུབ་སྡེ་ཡང་དགོན་བསམ་འཕེལ་དབང་པོའི་ཏོག་ཅེས་བྱ་བར་གྲུབ་པར་བགྱིས་པའི་ཡི་གེ་བ་ནི་སྐལ་བཟང་རྣམ་པར་རྒྱལ་བ་སྟེ། འདིས་ཀྱང་ཐུབ་པའི་བསྟན་པ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག།སྭསྟི་པྲ་ཛཱ་བྷྱཿ སྨྲ་བ་ཟླ་མེད་གང་གི་ནི། །བཀའ་ཡི་ཁུར་གྱིས་ལྕི་བ་བཞིན། །དྲེགས་ལྡན་མགོ་བོ་དུད་བྱེད་པ། །སྒྱུ་འཕྲུལ་སྲས་པོ་དེ་ཉིད་ལགས། །དེ་ཡིས་ཉིད་ཀྱི་ཅོད་པན་ལེགས་བཀོད་སྐབས་གསུམ་ཡུལ་གྱི་སྣང་བྱེད་གཅིག །ཐེག་མཆོག་གཏམ་གྱི་འཆི་མེད་ང་རོས་ས་གསུམ་མ་རིག་གཉིད་ལས་སློང༌། །མི་དམན་བྱམས་པའི་བདུད་རྩིའི་ཐིགས་འཕྲེང་ག་པུར་ཉར་མས་སྦྲུན་མིན་པས། །སྲིད་ཞིའི་གདུང་སེལ་རྒྱལ་ཚབ་མཆོག་དེའི་བཀྲ་ཤིས་ཁྱོད་ལ་མངོན་གྱུར་ཤོག །མི་ཕམ་བླ་གོས་གྲྭ་གཉིས་འདབ་མའི་གར། །རྫུ་འཕྲུལ་རླུང་གིས་བསྐྱོད་འདྲས་དགའ་ལྡན་གནས། །བགྲོད་ལ་ཐོགས་པ་མེད་པའི་འདབ་བཟང་དེས།།ས་ལ་གཞུང་འདིའི་བདུད་རྩིའི་སྐྱེས་བཟང་མཛད། །དེ་ནས་འཕགས་དང་བོད་ཡུལ་མཁས་ཀུན་གྱི། །མགུར་དང་ཐུགས་མཁར་གང་འདིའི་ཚིག་དོན་སྤྲིན། །ལེགས་བཟུང་ལྗགས་ཡངས་གློག་གི་བྲོ་གར་དང༌། །ལྷན་ཅིག་ཆོས་ཀྱི་ཆར་རྒྱུན་ཆད་མ་གྱུར། །ཁྱད་པར་སྟོང་ཉིད་སེང་གེ་ཡི། །ང་རོ་བཟང་པོས་ཐུབ་བསྟན་ནགས། །འགེངས་དེའི་རྣམ་དཔྱོད་གདོང་ལྔའི་གཟུགས། །དོན་གསལ་མེ་ལོང་ངོས་ལ་ཐོབ། །ཤིང་རྟའི་སྲོལ་