R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 102
[A:102]ལ་རྒྱུན་རིང་བ་དང༌། བསྐྱེད་རྫོགས་བཤད་སྒྲུབ་མཐའ་ཡས་ཤིང༌། གཞིས་་རིན་སྤུངས་པའི་བདག་རྐྱེན་ལ་བརྟེན། རྗེ་འདི་ཉིད་ཀྱི་ཐུགས་རྩོལ་ལེགས་པར་མཛད་པས་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་མངོན་རྟོགས་རྒྱས་པའི་སྟེང་ནས་སྒྲུབ་མཆོད་དགེ་འདུན་མང་པོས་ཞག་མང་པོར་སྒྲུབ་པའི་རྒྱུན་ཆགས་པ་ལ་སོགས་པ་རྡོ་རྗེ་ཐེག་པའི་དགའ་སྟོན་གྱི་དངོས་དང་བརྒྱུད་པའི་གདུལ་བྱ་ཐམས་ཅད་ཚིམས་པར་མཛད་པས་ཀྱང་བཀའ་དྲིན་མཚུངས་པ་མེད་དོ། །དེ་ལྟར་བཀའ་དྲིན་དྲན་པའི་སྒོ་ནས་སྒོ་གསུམ་གུས་པས་རྣམ་པ་ཐམས་ཅད་དུ་ཕྱག་བྱས་ནས། ལནཡན་ལག་བདུན་པའི་ལྷག་མ་མདོར་བསྡུས་ཏེ་བརྗོད་པ་ནི། མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགས། །དགེ་ལ་ཡིད་རངས་གསོལ་བ་རྣམ་གཉིས་འདེབས། །དགེ་ཚོགས་མ་ལུས་མཐའ་མེད་འགྲོ་བའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་བདག་བསྔོའོ། །ཞེས་པ་སྟེ། ཕྱིའི་མཆོད་པ་ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ་རིན་ཆེན་བདུན། བཀྲ་ཤིས་བརྒྱད། བུམ་པ་བཟང་པོ་དང༌། ནམ་བཟའ་འདོད་འཇོའི་བ་ལ་སོགས་པ། ནང་གི་མཆོད་པ་ཤ་ལྔ་བདུད་རྩི་ལྔ་སྦྱངས་རྟོགས་སྦར་བས་བྱིན་གྱིས་རླབས་པ། གསང་པའི་མཆོད་པ་བདེ་བ་ཆེན་པོ། དེ་ཁོ་ན་ཉིད་ཀྱི་མཆོད་པ། བདེ་བ་དེ་ཉིད་སྟོང་པ་དང༌། ལྷག་པར་སྦྱར་བ་སྟེ། མཆོད་པ་ཐམས་ཅད་འབུལ་ཞིང་རང་གཞན་གྱི་སྡིག་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་མཐའ་དག་སྟོབས་བཞི་དང་བདེན་ཆེན་གྱི་རང་བཞིན་དུ་གཤེགས༑ རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་རྩ་ཀུན་ལ་ཤིན་ཏུ་དགའ་བས་ཡིད་རངས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མྱ་ངན་ལས་མི་འདའ་བར་བཞུགས་པའི་གསོལ་བ་གཉིས་ལེགས་པར་འདེབས། རང་གཞན་གྱི་དགེ་ཚོགས་ཐམས་