R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 103
[A:103]ཅད་བསྔོ་རྒྱུར་བྱས། ཆེད་དུ་བྱ་བ་ནམ་མཁའི་མཐའ་དང་ཚད་མེད་དུ་མཉམ་པའི་སེམས་ཅན་གྱི་དོན་དུ་བསྔོ་བ་ཚངས་པ་བརྒྱ་བྱིན་སོགས་ལྟ་ཞོག་ཉན་རང་གི་བྱང་ཆུབ་ཏུ་ཡང་མི་བསྔོ་བར་བླ་མེད་བྱང་ཆུབ་མཆོག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཕྱིར་དུ་བསྔོ་བར་བགྱིའོ། ། དེ་ལྟར་རྒྱུ་ལ་གཙོ་བོར་དམིགས་ནས་རྒྱུ་ཕལ་པ་མཆོག་ཏུ་བསྒྱུར་བར་བྱེད་པའི་སེམས་པ་འདུན་པ་དང་མཚུངས་པར་ལྡན་པ་ནི་བསྔོ་བ་ཡིན་ལ་གཙོ་བོར་འབྲས་བུ་ལ་དམིགས་ནས་འབྲས་བུ་ཁྱད་པར་ཅན་ལ་རེ་བ་འཆའ་བའི་འདུན་པ་དང་མཚུངས་པར་ལྡན་པ་ནི་སྨོན་ལམ་ཡིན་པས། འདིར་དངོས་ཀྱི་བྱ་བའི་ནུས་པས་དངོས་ཀྱི་འབྲས་བུ་ཁྱད་པ་བ་ཐོབ་པར་སྨོན་པ་ནི། དགེ་ལེགས་ཀུན་གྱི་འབྱུང་གནས་བླ་མ་ལ། །དགེ་བའི་སེམས་ཀྱིས་ཅུང་ཟད་བསྟོད་བགྱིས་པའི། །དགེ་བ་འདི་ཡིས་འགྲོ་བ་མ་ལུས་ཀུན། །དགེ་བའི་བཤེས་ཀྱིས་རྗེས་སུ་འཛིན་པར་ཤོག །ཅེས་པ་སྟེ། འབྲོམ་སྟོན་པའི་གསུང་ལས། སྐྱོན་ཆེ་འགྲིབ་དང་ཆུང་འགྲིབ་ཐམས་ཅད་བླ་མ་ལ་བརྟཻན་ནས་འགྲིབ། ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེའོ། །ཞེས་གསུངས་པ་ནི་མདོ་སྡེ་དང་རྒྱུད་སྡེ་དང༌། མན་ངག་དང་བསྟན་བཅོས་ཐམས་ཅད་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་པའི་ཕྱིར་ལེགས་པ་ཐམས་ཅད་ཀྱི་རྩ་བ་ནི་བླ་མ་ཁོ་ན་ཡིན་པས་དེ་ལ་དངོས་པོ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་བསྟོད་པར་འོས་མོད་ཀྱི་ད་ལྟར་གྱི་གདུལ་བྱ་ཚིག་ཉུང་ངུ་ལ་ལྷག་པར་མོས་ཤིང་སྙན་ངག་དང་སྡེབ་སྦྱོར་དང་ཚིག་གི་རྒྱན་ལ་སོགས་པ་གོ་བར་མི་ནུས་པ་དག་གི་ངོར་བྱས་ནས་བདག་ཉིད་ཆེན་པོ་འདིའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོ་གཏིང་མཐའ་མེད་པའི་ནང་ནས་ཆུའི་ཐིགས་པ་ཙམ་ཞིག་