R1150: སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར།

  • Pagination (Witness A): 104
[A:104]བླང་སྟེ་བླུན་པོ་དག་གིས་ཀྱང་གོ་བདེ་བར་ཅུང་ཟད་བསྟོད་པ་བྱས་པའི་དགེ་བའི་མཐུ་ལས་འགྲོ་བ་ཐམས་ཅད་གཏན་གྱི་མདུན་མའི་བདག་རྐྱེན་གྱི་གཙོ་བོ་ཐེག་པ་ཆེན་པོའི་དགེ་བའི་བཤེན་གཉེན་འདིའམ་འདི་དང་ཚུལ་མཚུངས་པ་བདག་གིས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་མཉེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིགརྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་ཤིང༌། །རྒྱལ་བའི་རིང་ལུགས་མཐའ་དག་ལེགས་བཟུང་བས། །རྒྱལ་བ་གཉིས་པ་ཆོས་རྗེ་རྣམ་གསུམ་གྱི། །རྒྱལ་ཚབ་དམ་པར་གྱུར་པའི་བསྟན་འཛིན་ནི། །བོད་ཆེན་མདོ་ཁམས་སྟོད་པ་གོན་འཇོའི་རིགས༑ ༑དཀའ་བཅུ་འཛིན་པ་ནམ་མཁའ་འོད་ཟེར་ཞེས། །བྱང་ཕྱོགས་འདི་ན་ཉི་ཟླ་ལྟ་བུར་གྲགས། ཁྱད་པར་བྱང་སེམས་ལམ་ལ་གཙོར་མཛད་པས། །བྱང་སེམས་ནམ་འོད་པ་ཞེས་ཀུན་ལ་གསལ། །ཀྱེ་ཧོ་བདག་ནི་སྔོན་བྱས་སྐལ་བ་བཟང༌༑ ༑ཐེག་ཆེན་དགེ་བའི་བཤེས་ཀྱི་མཆོག་གྱུར་པ། །བདག་ཉིད་ཆེན་པོ་འདི་ཡི་དགྱེས་བཞིན་དུ། །བསྟན་ལ་ཞུགས་མ་ཐག་ནས་རྗེས་སུ་བཟུང༌། །སྒོ་གསུམ་གུས་པ་ཀུན་གྱིས་མཉེས་པ་བསྒྲུབས། །ཕྱི་ནང་གསུང་རབ་ཀུན་གྱི་བཤད་པ་ དང༌༑ ༑གསང་སྔགས་རྒྱུད་སྡེ་བཞི་ཡི་དབང་བཀའ་དང༌། །སྨོན་འཇུག་སྡོམ་པའི་ཆོ་ག་དྲི་མེད་དང༌། །མདོ་སྔགས་ལམ་ཟབ་ཀུན་གྱི་མན་ངག་ཐོབ།། བསྟན་ལ་ཅི་ནུས་སྤེལ་བའི་གནང་བ་བསྩལ། །ཅི་གསུང་ལེགས་པར་བསྒྲུབ་པའི་བསམ་སྦྱོར་བྱས༑ ༑དགོངས་པ་ཕལ་ཆེར་ལེགས་པར་རྫོགས་སམ་སྙམ།། ད་དུང་འབད་པ་ཀུན་གྱིས་ཉིན་མཚན་དུ། །སྤྱིར་དགོས་བླ་མའི་དགོངས་པ་རྫོགས་བྱའི་ཕྱིར།། སྒོ་གསུམ་དལ་བ་མེད་པར་བརྩོན་བྱས་ནས། །བླ་མའི་བྱིན་རླབས་རྟག་ཏུ་འཇུག་པ་དང༌༑ ༑སྤྱིར་དགོས་བསྟན་པ་ཆེས་ཆེར་སྤེལ་བ་དང༌། །འགྲོ་ཀུན་ཕན་བདེའི་