R1152: ལོ་ཆེན་ཐམས་ཅད་མཁྱེན་པ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ།

  • Pagination (Witness A): 2
[A:2]རང་གིས་བརྗོད་དཀའ་ཡང༌། །ནན་གྱིས་བསྐུལ་ངོར་ཅུང་ཟད་བརྗོད་པར་བྱ། དེ་ཡང་སྔ་མོ་ནས་གུས་ལྡན་མང་པོས་གསོལ་བ་བཏབ་པའི་དོན་དུ་ནན་གྱིས་བསྐུལ་བའི་ཚིགས་སུ་བཅད་པ་བཅུ་ལྷག་ཡོད་པ་འདི་ལ། སྐྱེ་བ་འདིའི་ཡོན་ཏན་དུ་སྣང་བའི་སྐྱེ་བ་བླང་ཚུལ་ནས། བསྟན་པ་ལ་བྱ་བ་བྱས་ཚུལ་གྱི་བར་རགས་པ་ཚང་ཡོད་པས༑ འདི་ཉིད་བཤད་བྱར་བྱས་ནས་བརྗོད་ན་བཟུང་སླ་བས་དེ་ལྟར་བཤད་པར་བྱའོ། ། དེ་ཡང་ཡོན་ཏན་བཤད་པ་ལ་འཇུགཡོན་ཏན་བཤད་པ་ལ་ཉེ་བར་འགོད༑ ཡོན་ཏན་བཤད་པ་མཐར་ཕྱིན་པ་གསུམ་དུ་གནས་པའིའོ། ། དང་པོ་ནི། ཚིགཚིགས་བཅད་དང་པོ་གཉིས་ཏེ། ཕུན་ཚོགས་དཔལ་འབྱོར་ཀུན་གྱི་འབྱུང་གནས་ཆེ། ཞེས་སོགས་ནི། ནོར་བུ་རིན་པོ་ཆེ་གང་ཞིག་ཀླུ་དབང་མང་པོ་བརྟེན་པས་ཕུན་ཚོགས་ཀུན་གྱི་འབྱུང་གནས་སུ་གྱུར་པའི་རྒྱ་མཚོ་ཆེན་པོའི་གཟུགས་སུ་བཀོད་ནས་ཤིས་པར་བརྗོད་པའོ། ། ཤེས་རབ་ཤེས་བྱ་ཀུན་ལ་ཐོགས་མེད་འཇུགཅེས་པ། མཁན་པོས་རབ་བྱུང་གི་ཚེ་རྒྱལ་བའི་མིང་ཡོངས་སུ་རྫོགས་པ་ཡོན་ཏན་དང་སྦྱར་ནས་བརྗོད་པ། མཚན་སྤེལ་དུ་གྲགས་པ་སྟེ། ཟླ་བོ་བསོད་ནམས་རིན་ཆེན་ཞེས་པ་གཅིག་གིས་ཟླས་དྲངས་ནས་ཡེ་ཤེས་རིན་ཆེན་ཟེར་རམ། ཡེ་ཤེས་དང་ཤེས་རབ་དོན་གཅིག་པས་ཤེས་རབ་རིན་ཆེན་བྱས་ཀྱང་རུང་ཞིང༌། མིང་གི་ཡི་གེ་མང་བ་ལ་ཡོན་ཏན་མང་པོ་ཡོད་གསུངས་ནས། གདུང་བརྒྱུད་རྣམས་ལའང་མཚན་རིང་པོ་འདོགས་པ་ཡིན་ལ། ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་གྱིས་གསུངས་ནས་བཏགས་པ་ཡིན་གྱི། མཁན་པོས་ཡེ་ཤེས་རྒྱལ་མཚན་ཙམ་ལས་མ་བཏགས་ཀྱང༌།