R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 62
[A:62]གཤེགས་བརྒྱད་ཀྱི་ཆོ་ག་བརྒྱ་ཕྲག་གཉིས་ལྷག བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་བདུན་ཅུ་སྐོར། རྡུལ་ཚོན་དང་འབྲེལ་དཀྱིལ་འཁོར་ཆོ་ག་ཡོངས་རྫོགས་དང་གཞན་ཡང་ཕྱོགས་མཐའི་བུ་ཆེན་གྲ་རིས་ཐམས་ཅད་འདུས་ནས་དགེ་འདུན་སྟོང་ཕྲག་གཉིས་ལྷག་ཙམ་གྱིས་ཞག་ལྔའི་རིང་མཆོདའབུལ་ཆེན་པོ་མཛད་པའི་གྲལ་དབུར་རྗེ་རང་གི་ཐུགས་སྲས་དམ་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་སྤྱན་དྲངས༑ བསྙེན་བཀུར་འབུལ་ནོད་ཕྱག་འགྱེད་ལ་སོགས་པ་གྱ་ནོམ་པ་བསྒྲུབས། དགུང་ཞག་བར་ཆོས་གྲྭ་རྣམས་ཀྱང་ཚུགས་མུས་དང་བལ་པོ་ཛྙཱ་ན་ཤྲཱི་ན་ཛ་དང་དཔོན་གཡོག་བརྒྱད་དང༌། བོད་ཀྱི་མགར་བ་ཤིང་བཟོ་བ་སོགས་དང་བཅས་ནས་ཐུབ་པའི་སྐུ་རྒྱབ་མཐོ་ཉི་ཤུ་རྩ་ལྔ་པ་གསེར་ཟངས་ལས་གྲུབ་པ་དང༌། སྐུ་ཚབ་བྱང་སེམས་ཉེ་བའི་བརྒྱད་རྣམས་འཇིམ་བཟོ་དང༌། གསུང་གི་རྟེན་རྒྱུད་འབུམ། ཁྱད་པར་རྗེ་རང་གི་བཀའ་འབུམ་ཕྱོགས་གཅིག་ཏུ་བསྡེབས་པ་པུ་སྟི་བཅུ་གསུམ། ཐུགས་ཀྱི་རྟེན་སྐུ་གདུང་རིན་པོ་ཆེ་རིལ་པར་བཞུགས་པ་དངུལ་གདུང་བྱང་ཆུབ་ཆེན་པོ་ཐོག་ཚད་ལྷག་པ་དང་བཅས་པ་དུས་མཆོད་ཆེན་མོའི་སྟེང་དུ་ལེགས་པར་གྲུབ་པ་མངའ་རབ་གནས་དགེ་ལེགས་རྒྱ་མཚོ་དང་འབྲེལ་བའམ དབུལ་སོགས་རྡོ་རྗེ་སློབ་དཔོན་ལ་ཁ་ཚར་དང་བཅས་གྲུབ་པ་གཙོ་བོར་རྒྱལ་ཚབ་ཆོས་ཀྱི་དཔལ་འབྱོར་དང་ཉེ་གནས་ལྷའི་དཔལ་བཟང་གིས་དོ་དམ་ཁུར་ལེན་བགྱིས་ཏེ་གེགས་མེད་དུ་གྲུབ་པའོ། །རྒྱལ་ཚབ་ཆོས་ཀྱི་དཔལ་འབྱོར་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོར་གྱུར་པའི་འཁོར་ལོ་གསུམ་གྱི་སྒོ་ནས་བསྟན་པ་སྤྱི་སྒོས་ཀྱི་འཛིན་སྐྱོང་རྗེ་གོང་མ་རྣམས་ལས་ཆེས་ཆེར་ལྷག་པའི་ཚུལ་མངའ་བ་སོགས་ཉིད་རང་གི་རྣམ་ཐར་དུ་གསལ་བ་ལྟར་ལགས། །བཀྲ་ཤིས་དཔལ་འབར་སངས་རྒྱས་