R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 54
[A:54]གནས་ལྷའི་དཔལ་བཟང་དང༌། །ཆོས་ལུང་ལོ་ཙཱ་བ་དགེ་སློབ་གྲུབ་པ་རྒྱལ་མཚན་གསུམ་གྱི་མཛད་པའི་ཁ་སྐོང་གི་རྣམ་ཐར་རྒྱས་པ་ཞིག་ཡོད་འདུག་ཀྱང་ཆོས་འཁོར་སྒང་གི་བསྟན་པའི་འཕེལ་འགྲིབ་ཀྱིས་དཔེ་འཐོར་རྐྱེན་དུ་སོང་ཀྱང་འཇམ་པའི་དབྱངས་ཆོས་ཀྱི་དཔལ་འབྱོར་གྱི་རྣམ་ཐར་དུ་རྗེ་བཙུན་སྟག་ཚང་པའི་སྔོན་དང་ཕྱིས་ཀྱྀས་སྐྱེས་རབས་ལུང་དྲངས་བ་དང༌། །སྔོན་རབས་རྣམས་ཀྱི་གསུང་རྒྱུན་གླེང་བ་རྣམས་དྲན་ལམ་དུ་གསལ་བ་འཐོར་བུ་རེ་ཞིག་ཟིན་བྲིས་སུ་སྡེབས་པ་ལས༑ དེ་ཡང་མཐའ་ཡས་པའི་མཁྱེན་རབ་དང༌། དམིགས་པ་མེད་པའི་ཐུགས་རྗེ་དང༌༑ རྟག་པར་གཞན་ལ་ཕན་པའི་ངང་ཚུལ་ཆེས་ཕུལ་དུ་ཕྱིན་པས་ས་གནས་ཀྱི་བྱང་ཆུབ་སེམས་པ་ཆེན་པོ་ཡིན་པ་བརྗོད་མ་དགོས་ཀྱང༌། ཇོ་བོ་ཡབ་སྲས་ཀྱི་ལུང་བསྟན་དང༌། བདག་ཉིད་ཆེན་པོ་རང་གིས་ཞལ་གྱིས་བཞེས་པ་སོགས་བརྗོད་པར་བྱ་བ་ལས། ཕ་ཆོས་ལུང་བསྟན་ལས། གཙང་དུ་ཁོ་བོའི་དགོན་པ་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་ལས་གྲས་པ་འབྱུང་ཞེས་གནས་ལུང་བསྟན་པ་དང༌། སྐྱབས་མཆོག་མཚན་ཅེས་པ་དང༌། ལྔ་ཡིས་དངོས་སམ་བརྒྱུད་པར་བསྐུར། ལྔ་ལྡན་བཟང་པོས་མི་ནུབ་སྐྱོང༌། ཞེས་པ། སྐྱབས་མཆོག་ཅེས་པ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང༌། ལྔ་ཡིས་དངོས་པོ་ཞེས་པ་ལོ་ཆེན་སྐྱབས་མཆོག་པ། ཆོས་རྗེ་སེང་གེ་རྒྱལ་མཚན། སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར། རྗེ་སྟག་ཚང་པ་ཤེས་རབ་རིན་ཆེན། འཇམ་དབྱངས་ཆོས་ཀྱི་དཔལ་འབྱོར་བརྒྱུད་པས་བསྐུར་ཞེས་པ། འཇམ་དབྱང་སྐུ་སྐྱེ་དང༌། ལྔ་ལྡན་བཟང་པོས་མི་ནུབ་སྐྱོང་ཞེས་པ་གོང་གི་མཁན་ཐོག་དེ་རྣམས་ཀྱི་རིང་ལ་ཆོས་འཁོར་སྒང་གི་བསྟན་པ་མི་ནུབ་ཅེས་ པའོ། །རྗེ་ཉིད་ཀྱི་བཀའི་གནང་བ་བསྩལ་བ་ལས། ལོ་ཆེན་སྐྱབས་མཆོག་ཡབ་