R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 55
[A:55]སྲས་ཇོ་བོ་ཡབ་སྲས་སུ་གྲགས་ཤིང་གྲུབ་ལ། པུ་ཏོ་བ་ལུང་བསྟན་ལས་ལུས་བསྐྱངས་པའི་ཕ་མ་དང་སེམས་ངོ་སྤྲད་པའི་བླ་མ་དག །འདི་དག་མཚུངས་པར་བསྒྲུབ་བྱེད་ན་ཞེས་པུ་ཏོ་བའི་རིགས་རྒྱུན་ཟེར་མཁན་ཡོད་འདུག་ཀྱང༌། འཇམ་དབྱངས་ཡིན་པས་འོངས་དོན་མེད །འོན་ཀྱང་ལེགས་བཤད་རིང་ནས་གོམས་པ་ཙམ་དུ་ཟད། ཇོ་བོ་ཡབ་སྲས་ཀྱིས་རྗེས་སུ་བཟུང་ལུགས་དང་གྲུབ་མཐའ་འཇོག་ལུགས་སོགས་པ་ཚབ་ལོ་ཙཱ་ཉི་མ་གྲགས་ཀྱི་བུ་བཞིའི་ནང་ཚན་རྨ་བྱ་བྱང་བརྩོན་དང༌༑ འཇམ་གསར་ཤེས་རབ་འོད་ཟེར་དང་བློ་རིགས་མཐུན་པར་སྣང༌། ནག་ཚོའི་སློབ་དཔོན་རྒྱ་བརྩོན་སེང་ཙམ་ལ་འགལ་བ་མེད་དམ་སྙམ། ཞེས་དང༌། ཡང་སྐབས་ཤིག་ཏུ་ཉེ་གནས་ལྷའི་དཔལ་བཟང་གིས་རྗེ་ཉིད་ཀྱི་རང་བསྐུལ་མི་འགྱོད་བཅོ་བརྒྱད་ཀྱི་གསུང་མགུར་ལས། །མང་ཐོས་སྒྲུབ་དང་བྲལ་བའི་དགེ་སྦྱོང་ཞིག། སྔར་བྱས་ཆོས་ལ་རང་ཡིད་མ་ཆེས་ནས། །ཕྱིན་ཆད་རང་གིས་རང་ལ་འདི་ལྟར་བསྐུལ༑ ༑ཞེས་གསུང་བརྡ་བ་རྗེས་འཆད་རྩོད་རྩོམ་གསུམ་གྱི་མཛད་པས་དུས་འདའ་བ་འདི་ལས་ལྷག་པའི་སྙིང་པོའི་དོན་ཅི་ཞིག་ཡོད་ལགས་ཞུས་པས། རྒྱལ་ཚབ་བྱམས་པས་ཐོས་པ་དང་སྒོམ་པ་གཅིག་གིས་གཅིག་ཤོས་མི་འདོར་བར་ཟུང་དུ་འབྲེལ་བ་ཞིག་བསྟན་པའི་ལམ་ལ་འཇུག་པའི་གོ་རིམ་དུ་འདུག་ངས་འདུལ་བ་ཀཱ་རི་ཀ་ལྔ་བཅུ་ནས་བཟུང་དུས་ཀྱི་འཁོར་ལོ་མན་གྱི་ཚིག་དོན་ལ་སྦྱངས་པ་མཐར་ཕྱིན་པའི་སྒོ་ནས་བསྟན་དོན་དུ་ཅི་འགྱུར་བྱས་དེ་བས་སྐྱེ་བ་སྔ་མ་རྒྱ་བརྩོན་སེང་དུ་གྱུར་པའི་ཚེ། ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱི་བདག་རྐྱེན་ལ་བརྟེན། ལུས་ཀྱི་དཀའ་ཚེགས་འཇིགས་པ་ལ་མ་ལྟོས་པར་རྒྱལ་བ་གཉིས་པ་ཨ་ཏི་ཤ་སྤྱན་དྲངས་བསྟན་པ་ལ་ཞུས་དག་མཛད། དེང་སང་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་