R1154: གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པའི་ཁ་སྐོང་ཡིད་ཆེས་གསེར་གྱི་ལྗོན་པ།

  • Pagination (Witness A): 61
[A:61]གདུལ་བྱ་བགྲང་བར་ཡས་པ་ལ་རྒྱུད་སྡེ་འོག་མའི་དབང་བཀའ་དང༌། ཀུན་མཁྱེན་འཇིགས་མེད་གྲགས་པའི་གསུང་དེ་ཉིད་འདུས་པ་ཆེན་པོ་ཡོངས་རྫོགས་ལུང་གནང༌། ཚུར་ལམ་གཞིས་ཀ་རིན་ཆེན་སྤུངས་པར་ནང་སོ་ནོར་བཟང་པ་ལ་ཚེ་རྟ་སྦྲགས་མའི་དབང༌། དབུ་མ་བཤེས་སྤྲིངས་རྒྱས་བཤད་དང་བཅས་པའི་ལུང་འདོན་ཆོས་ཁ་ཡར་པ་བསྩལ། ཆོས་འཁོར་དུ་ཕེབས་ཟླ་བ་དགུ་པ་དང་བཅུ་པའི་བར་རྣམ་སྨིན་རླུང་སྲོག་རྫོགས་ཟིན་ནས་རྣལ་འབྱོར་ཏིང་ངེ་འཛིན་གྱི་རླུང་སྲོག་ལ་འཚོ་གཞེས་མཛད། ཧོར་ལུགས་ཀྱི་ཟླ་བ་བཅུ་པའི་ཚེས་བདུན་ཙམ་ནས་སྐུ་ན་སྙུན་མངའ་བའི་ཚུལ་བསྟན། སྐུ་རིམ་འཕྲོད་བསྟེན་གྱི་རིམ་པ་གདུལ་བྱའི་གཡར་ངོར་ཇི་ལྟར་གསོལ་བ་སྒྲུབ་ཏུ་སྣང༌། གདན་ས་བསྐོ་བཞག་དང་བསྟན་པ་སྤྱི་བྱེ་བྲག་ལ་འགྱོད་མེད་ཀྱི་འཛིན་སྐྱོང་བྱས་པའི་ཁུལ་ཡིན་སངས་རྒྱས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་རྡོ་རྗེའི་སྐུ་འཇིགས་པའི་ཚུལ་བསྟན། བཅུ་དགུ་འབྲོམ་སྟོན་སེང་གེའི་རྒྱལ་མཚན་དང༌། ཉེར་གཅིག་ལོ་ཆེན་ཐམས་ཅད་མཁྱེན་པའི་དུས་ཆེན་ཡིན་པས་འདི་གཉིས་གཅིག་གི་ཇ་བཤུར་འཐུང་ངམ། དཀོན་མཆོག་བླ་མའི་དཀོར་ལ་མ་སྦགས་པའི་སྨོན་པ་མཆིས་པས་ཧེ་གར་བབས་རེད་གསུང་ཇོ་བོ་ཨ་ཏི་ཤ་ཡང་ཚེས་ཉི་ཤུ་ལ་ཐུགས་དམ་གྲོལ་བའི་ཚུལ་བསྟན་པའི་དུས་ཁྱད་པར་ཅན་ལ་དགོང་པ་གཏད་དེ་གུང་ཚིགས་ཀྱི་གཎྜི་མི་ཡོང་ཙམ་ལ་གཟུགས་སྐུའི་སྣང་བརྙན་ཆོས་སྐུར་ཐིམ་པའི་ཚུལ་བསྟན། འདི་སྐབས་ཐ་མལ་རྣམས་ཀྱང་སྣང་བ་འགྱུར་བའི་ཚིགས་སུ་བཅད་པ་མང་བ་འདུག་ཀྱང་དྲན་ལམ་ནས་མ་ཐོན། དེ་མ་ཐག་ཐུགས་དམ་བསྐུལ་བའི་ཆོ་ག་གསང་བ་འདུས་པ་ལུགས་གཉིས་ཀྱི་ཆོ་ག་བ་བརྒྱད་ཅུ་སྐོར། དཔལ་དུས་ཀྱི་འཁོར་ལོའི་ཆོ་ག་ལྔ་བཅུ་ཙམ། སྨན་བླ་བདེ་