R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 141
[A:141]གདན་ས་པ་ཡིན་པས་སོ་སྙམ་པ་ལྟ་བུའི་ཞེན་པས་མ་ཡིན་པར། ཡོན་ཏན་མཐོང་པ་དང་ཐོས་པས་ཡིད་ཕྲོགས་པའི་དད་པ་ཁོ་ནས་ཞབས་ཀྱི་པད་མོ་ཅོད་པན་གྱི་ཟེ་འབྲུས་བླངས་ཏེ། གདམ་ངག་ནོད་པ་དང་བཀའ་ཉན་པ་དང༌། གསུང་སྒྲུབ་པ་ལ་སོགས་པས་མཉེས་པར་བྱས་སོ། །དེའི་དུས་ན་དབུས་གཙང་གི་དཔལ་འབྱོར་ཆབ་སྲིད་འདྲན་ཟླ་དང་བྲལ་བའི་གོང་མ་གྲགས་པ་རྒྱ་མཚན་གྱིས་ཀྱང༌། བདག་ཉིད་ཆེན་པོ་འདི་དགེ་འདུན་གྱི་སྡེ་དང་བཅས་པ། ཡར་ལུང་སྣེ་སྡོང་དུ་སྤྱན་འདྲེན་པའི་ཕོ་ཉ་བ་བྱུང་ནའང༌། དགོན་པར་ཆོས་ཚུགས་ཉམས་པ་སོགས་བྱུང་དོགས་པ་དང༌༑ གཞན་གྱི་རྙེད་བཀུར་ཐམས་ཅད་ཀྱང་ཆོས་ཀྱི་བར་ཆད་ཁོ་ནར་སྣང་ངོ་སྙམ་དུ་དགོངས་ནས་མ་བྱོན་ནོ། །མདོར་ན། བླ་མ་དམ་པ་འདིའི་རྣམ་པར་ཐར་པ་ཐ་མལ་པ་ལ་གནང་བ་རྣམས་ཀྱི་དོན་མདོར་བསྡུས་ན། ལས་འབྲས་ལ་ཡིད་ཆེས་པའི་དད་པ་ཕུལ་དུ་བྱུང་བས་སྤྱིར་དཀར་ནག་གི་ལས་འབྲས་ཕྲ་ཞིང་ཕྲ་བ་ལ་ཡང་གཞོན་ནུ་ཉིད་ནས་བླང་དོར་མཛད་པ་དང༌། ཁྱད་པར། བླ་མ་དང་དཀོན་མཆོག་ལ་ཡིད་ཆེས་པའི་དད་པས་དགེ་བའི་བཤེས་གཉེན་མཉེས་པར་བྱེད་ཚུལ་གྱི་ཀུན་སྤྱོད་འདི་ལས་ལྷག་པའི་དགེ་བཤེས་མེད་པར་གྲགས་ཏེ། ཆེན་པོས་ལོ་ཆེན༑ མི་གཞན་ལ་ཐུགས་བས་འཁྲུངས་པ་ན་ཡང༌། རྗེ་འདི་བོས་ནས་ཚོགས་གྱི་དབུས་སུ་བཀའ་སྐྱོན་རི་ཉིལ་བ་ཙམ་གནང་ཡང༌། གནོང་མེད་པ་ལ་དག་ཚངས་ཙམ་ཡང་ཞུ་མི་ནུས་པར་ཐུགས་མད་ལགས་ཞེས་པའི་ཞལ་ཐོན་དང༌། ཕྱག་ཐལ་མོ་སྦྱར་བ་འབའ་ཞིག་གི་ངག་བཀའ་སྐྱཽན་གསན་ཅིང༌། ལྐོག་དུ་བདེན་ཡུས་ཀྱི་གསུངས་འབྱོན་པ་ཙམ་ཡང་སུས་ཀྱང་མ་མཐོང་ཞེས་ཀུན་ལ་གྲགས་ཏེ། རྣམ་པར་འདི་གཅིག་པུ་ཡང་སྐྱེ་བ་ལྔ་རྒྱར་སྒྲུབས་ཀྱང་མི་འགྲུབ་བོ། །སྲིད་པ་མཐའ་དག་