R1156: མཁན་པོ་རིན་པོ་ཆེ་སེང་གེ་མཚན་ཅན་གྱི་རྣམ་ཐར།

  • Pagination (Witness A): 142
[A:142]མེ་འོབས་ལྟར་གཟིགས་པའི་ངེས་འབྱུང་གི་བསམ་པས་ཀུན་ནས་སླངས་ཏེ། སོ་སོ་ཐར་པའི་ཉམས་ལེན་ཆེས་ཕུལ་དུ་ཕྱིན་པར་མཛད་པས་སྐྱེས་བུ་འབྲིང་གི་ལམ་ཐམས་ཅད་ཡོངས་སུ་རྫོགས་ལ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་སླངས་ཏེ། རང་ཉིད་ཀྱི་ཞབ་ཟས་མཐད་ལྡན་ཙམ་ཡང་མི་བཞེས་པར་བླ་མ་དང་རྟེན་གསུམ་དང་དགེ་འདུན་གྱི་ཕྱོགས་སུ་བཏོང་བའི་ཟང་ཟིང་གི་སྦྱིན་པ་དང༌༑ སྐུ་ཚེ་ཧྲིལ་པོར་རང་གིས་ཆོས་ནར་མར་གསུང་པའི་སྟེང་དུ་གཞན་ཆོས་སུ་འཇུག་པ་ལ་སྒོ་དུ་མ་ནས་འབད་པའི་ཆོས་ཀྱི་སྦྱིན་པ་དང༌། གཞན་བཙོན་ར་ནས་ལན་གྲངས་དུ་མར་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་ཏེ་འདོན་པ་ལ་སོགས་པའི་མི་འཇིགས་པའི་སྦྱིན་པ་དང༌། སྡོམ་པ་གསུམ་ཀ་ལ་ཉེས་ལྟུང་དང་ཞག་དུ་མི་འགྲོགས་པའི་ཚུལ་ཁྲིམས་དང༌། ལན་གཅིགདཔོན་པོ་ཕག་མོད་ཀྱི་དགེ་བ་ལ་བྱོན། ཤངས་ཨ་ཡུ་ནས། ལ་ལ་གནོད་པ་བྱུང་དོགས་འདུགམདའ་ལ་འགྲོ་གསུངས་པ་ལ། ཕྱགས་ཕྱི་བ་དག་གིས་ཤེད་ཁྱེར་བྱས་ལ་ལ་བྱོན་པས། དཔོན་སློབ་དྲུག་བཅུ་ཙམ་ལ། བྱག་པ་བཅུ་བགྲངས་གཅིག་ལས་མ་བྱུང་འདུག་ནའང༌། ད་ཀི་མི་འགྲོ་བྱས་ཙ་ན་ཁྱེད་རྣམས་མི་ཉན་པར་འདུག་ད་བྱག་པ་དང་རང་གང་བྱེད་མ་གཏོགས་ཁ་ལག་འགུལ་བ་བྱུང་ན་ང་དང་མི་འཆམ་གསུང་ནས། རང་དགར་བྱག་པ་དགའ་རུ་བཅུག་པ་ལྟ་བུའི་བཟོད་པ་དང༌། སྔར་བཤད་པའི་གསན་སྦྱོང་གི་སྐབས་ལྟ་བུའི་བརྩོན་འགྲུས་དང༌། མངོན་ཤེས་ཐོགས་མེད་དུ་མཁྱེན་པའི་བསམ་གཏན་དང༌། གཞུང་ལུགས་མདོ་སྔགས་ཡེ་མང་མཁྱེན་པའི་ཚུལ་མི་སྟོན་ཀྱང༌། གང་མཁྱེན་གཞུང་ཕྲ་མོ་ཡན་ཆད་བགྲེས་ཁར་ཡང་ཐུགས་ལ་བཞུགས་ཤིང༌། གཞན་སྟོན་བཟང་སུ་བྱེད་པ་གསར་སྐྱེས་རྣམས་ལ་ཡང༌། །ད་