R1174: དཔལ་འཁོར་ལོ་སྡོམ་པར་བརྗོད་པ་བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༡༦༦ན
[A:༡༦༦ན][…]Carving Colophon, ff. 166a3-167a4 །།སྭ་སྟི་ཛཱ་ཡ ། བདེ་ཆེན་ཨིན་ཏྲ་ནཱི་ལའི་རི་དབང་ཤེས་རབ་པདྨ་ར་གས་འཁྱུང། །རྟེན་འབྲེལ་དག་པའི་ཕྱག་གི་འོད་འཁྱུག་ལོག་འདྲེན་ཕོ་མོའི་སྙིིང་ཁར་བརྫིས།། གཡོགས་ཡིད་སྐྱེས་མགོ་བོའྀ་ཕྲེང་བ་འཛིན། ། ཚད་མེད་གདོང་གིས་འགྲོ་ལ་ཉེར་གཟིགས་བདེ་མཆོག་འཁོར་ལོའྀ་དཔལ་གྱིས་བསྐྱོངས། །རྣམ་དཀར་བསོད་ནམས་ས་འཛིན་སྤོ་ལ་རིམ་གཉིས་བརྩོན་པའི་དཔུང་པ་ཡིས། །རྣམ་འདུལ་བསྟན་པའི་རྒྱལ་མཚན་མཚན། །སྐལ་བཟང་འགྲོ་བའི་ཉེར་འཚོར་གྱུར་ཏོ་དེ་ཡི་ཆོས་ཀྱི་རྒྱལ་སྲིད་ནི། །སྲིད་མཐར་གནས་པའི་བཀའ་དྲིན་མཆོག་རྩོལ་རྟག་ཏུ་དད་པས་སྤྱི་བོར་མཆོད། །མདོ་དང་རྒྱུད་གཞུང་བགྲོད་དཀའི་ས་ལ་ལུང་རིགས་གོམ་པའི་ཤུགས་བརླབས་ཀྱིས། ། ངས་ལེགས་བཤད་ཤིང་རྟའི་སྲོལ་འབྱེད་པ། །བློ་གྲོས་ལུས་བཟང་གྲགས་པའི་སྟོབས་རྒྱས་དཔལ་ལྡན་མཁས་པའི་ཁྱུ་མཆོག་ནི། །གངས་ཅན་བསྟན་པའི་ནགས་ཚལ་ར་བར་འཇིགས་མེད་གཤེགས་ཁྱོད་རྒྱལ་གྱུར་ཅིག། །གང་གིི་རིང་ལུགས་མཐའགནས། གསུང་རབ་རིན་ཆེན་སྒོ་འཕར་རབ་ཕྱེ་མཁྱེན་བརྩེའི་སྤྱིན་གཏོང་ཁང་བཟང་ནས། །འཆད་རྩོད་རྩོམ་པའི་མཆོད་སྦྱིན་ཆེར་འགྱེད་ཆོས་ཀྱི་རྒྱལ་པོའྀ་ཕྲིན་ལས་ཀྱིས། །ས་འདི་རབ་ཏུ་དཀར་བའི་དགེ་ལེགས་བསྐལ་བརྒྱར་འགྱུར་བ་མེད་གྱུར་ཅིག། །གསུང