[A:༡༦༦བ]མེད་ཐེག་པའི་གེ་སར་ཆེར་འཕགས་པའི།
།སྙིང་པོ་མྱུར་ལམ་སྦྲང་རྩིས་གཏམ་པའི་བཅུད།
།མ་ལུས་རྒྱུད་ཀྱི་རྩེར་སོན་མཆོག་འདི་ཉིད།
སྙིགས་དུས་མཚན་མོས་ཡུན་རིང་བསྒྲིབས་པའི་མཐར།
།རྣམ་བཤད་པདྨོ་ཅན་དགའ་ཉིན་མོའི་མགོན།
།སྦས་པལ་བཟང་འགྲོ་རྣམས་ཕན་བདེའི་མིག་རྙེད་གྱུར།
།སྲིད་རྣམས་ཡིད་ལ་རྨོངས་པའི་མུན་པ་དག
།ཅིག་ཆར་འཇོམས་བྱེད་ལེགས་བཤད་འོད་བརྒྱའི་དཔུང་།
ཁོར་ཡུག་གླིང་བཞིའི་དཔལ་དུགས་འདི།
།རྟག་ཏུ་བསྙེལ་བ་མེད་པར་འཁོར་བའི་ཆེད། །
མོས་ཚལ།
།མངའ་ཐང་དཔུང་ཚོགས་རྟག་ཏུ་རྒྱས་པའི་རི།
།ཤར་ཕྱོགས་ཕོ་བྲང་གཉིས་པའི་རྩེ་མོ་ནས།
།སྟོབས་ལྡན་དཔར་གྱི་རྟ་ལྗང་བཞོན་པར་བཀོད།
།གང་གི་ལེགས་བྱས་བདུད་རྩིའྀ་ཆར་རྒྱུན་གྱིས།
།ཐུབ་བསྟན་ལོ་ཐོག་རྒྱས་པའི་སྙེ་མ་ནི།
།རྫོགསས།
།བསྟན་འཛིན་སྐྱེ་བོའི་དགའ་སྟོན་འཕེལ་བ་དང།
།མི་ཕམ་མདུན་སར་འཇམ་དཔལ་སྙིང་པོ་ཞེས།
།གྲགས་པའི་མེ་ཏོག་དགྱེས་པའི་འཛུམ་དཀར་ལས།
།རིང་དུ་འཕོས་པའི་ཐུགས་རྗེའི་དྲི་བསུང་ངག།
།འཛིན་མའི་ཁྱོན་འདིར་ཡུན་རིང་གནས་གྱུར་ཏེ། །
བརྙན་རྣམས།
།ཞབས་སྟེགས་ནོར་བུའི་མེ་ལོང་ནང་གསལ་བ།
།གོང་མ་གྲགས་པའི་རྒྱལ་མཚན་ཕྲིན་ལས་ཀྱི།
།ཆུ་གཏེར་རབ་རྒྱས་སྐུ་ཚེའི་རི་དབང་བརྟན།
།བློ་བཟང་བསྟན་ལ་དད་པའི་སྦྱིན་བདག་མཆོག།།
།ཚུལ་ཁྲིམས་རིན་ཆེན་བསོད་ནམས་རྒྱལ
གོས་དར་ལྷུབས་འཛིན།
།བསོད་ནམས་ཆེན་པོའྀ་དཔལ་དང་ལྡན་པར་གྱུར།
།ཕུལ་བྱུང་བསོད་ནམས་མཐུ་ཡིས་བསྐྲུན་པའི་སྲས།
།རྒྱ་མཚོའྀ་གོས་ཅན་མཛེས་པར་བྱེད་པ་ཡི།
།ཡིད་བཞིན་ནོར་བུ་བཟང་པོའི་དོ་ཤོལ་ཅན།
།ཁུ་དབོན་ཞལ་ངོ་ནང་བློན་བཅས
ཀུན་ཏུ་དར་བའི་གཞིར།
།ཕུན་ཚོགས་དཔལ་འབྱོར་ཡངས་པའི་ཁང་བཟང་ན།
།འཁོར་མང་དཀྱིལ་འཁོར་རྒྱས་པའི་གཙུག་རྒྱན་དུ།
།རྟག་པར་མཛེས་པའི་དགེ་ལེགས་བརྟན་གྱུར་ཅིག།
།མདོར་ན་ལྷག་བསམ་དག་པའི་འོད་རིས་ཅན།
།སྦྱིན་བདག་རྒྱུ་སྐར་ཕྲེང་བའི་