R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 1b
[A:1b]༄༅༎ དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་སྙིང་པོ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་
གྱི་སྙེ་མ་ཞེས་བྱ་བ། གང་སྐུ་རྣམ་པ་ཐམས་ཅད་པ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན༎ གང་གསུང་སྒྲ་སྐད་ཀུན་ལ་ཞུགས་པ་གཞོམ་མེད་ཉིན་མོར་བྱེད་པའི་གསུང་༎
གང་ཐུགས་བདེ་ཆེན་སྙིང་རྗེའི་རང་བཞིན་མཆོག་ཏུ་མི་འགྱུར་ཡེ་ཤེས་ཐུགས༎ སྐུ་གསུམ་མི་ཕྱེད་དཔལ་ལྡན་བླ་མ་ཐམས་ཅད་མཁྱེན་པ་དེ་ལ་འདུད༎ སྐྱེ་བོ་ཀུན་གྱི་
ཕྱག་བྱའི་གནས་ནི་དེ་ཉིད་པདྨ་རཱ་ག་ཡི༎ སྲད་བུ་ལ་བསྒྱུས་༼བརྒྱུས་༽བཀའ་རྒྱུད་བླ་མ་བགྲང་ཡས་ཤེལ་གྱི་ཕྲེང་བ་ནི༎ གང་དག་མཆོག་གི་དང་པོའི་སངས་རྒྱས་འོད་དམར་