R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 2a
[A:2a]ཁ་དོག་གཅིག་གྱུར་པས༎ སྐལ་བཟང་གྲུབ་པའི་མགོ་དང་ཐོང་ཀ་མཛེས་པར་བྱེད་པ་འདི་དག་གོ། མཆོག་གི་བླ་མ་བཀྲ་
ཤིས་ཕྲེང་བའི་མཚན་མ་རྣ་བར་ལྷུང་བས་རང་གི་སྙིང་པོ་མཛེས་པ་མཐོང་བ་ནི༎ ཡིད་འོང་ཕྱོགས་ཀྱི་དུལ་བ་འཕྲོག་བྱེད་ཀུན་གསལ་བཞིན་མཛེས་ལྷ་ཡི་མཚོན་ཆ་
རྣམ་བཀྲའི་རྒྱན་གྱིས་མཚོན་མ་ཡིན༎ དེ་ལྟ་བས་ན་གང་ཞིག་གང་གི་རྟོགས་བརྗོད་རྣམ་བཀྲའི་རི་མོ་གསལ་བར་ཡིད་ཀྱི་ངོས་ལ་འདི་བྱེད་ཅིང་༎ ཞབས་ཀྱི་པདྨོ་
རབ་དངར་དད་པའི་ལྡུམ་རྫིང་གསར་པར་མཆོད་བྱེད་དེ་ཡང་འཇིག་རྟེན་ཀུན་གྱིས་མཆོད་བྱའོ༎ རྩོམ་པར་དམ་བཅའ་པ། དེ་སླད་སྲིད་པའི་གདུང་བ་སྐྱོབ་མཁས་ཐུགས་རྗེའི་གྲིབ་བསིལ་