R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 245a
[A:245a]གྱི་འཁོར་ལོའི་དཔལ་ལ་ཀུན་ཏུ་རོལ་པ་ཆོས་ཉིད་ཡིན༎ མཛད་བྱང་། དཔལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་སྙིང་པོ་དུས་ཀྱི་འཁོར་ལོའི་བརྒྱུུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ་ཞེས་བྱ་བ། མདོ་སྔགས་
ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་མངའ་བདག་ཆོས་ཀྱི་རྗེ་སྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེའི་བཀས་བསྐུལ་བ་ལས། ཤཱཀྱའི་དགེ་སློང་རིན་ཆེན་ཆོས་ཀྱི་རྒྱལ་པོས་སྨིན་མའི་རི་བོར་གཞན་ལ་ཕན་པའི་བསམ་པས་བྲིས་
སོ༎ ༎ པར་བྱང་སྨོན་ཚིག སྲིད་དང་བཞི་བའི་རང་བཞིན་གྱིས༎ ཡེ་ཤེས་བདུད་རྩིའི་རོ་མཆོག་ལ༎ དགྱེས་སྤྱོད་གཉིས་སུ་མི་བྱེད་པའི༎ དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ༎ དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ༎ རྒྱལ་བས་ཟླ་
བ་བཟང་པོ་ལ༎ རྒྱུད་ཀྱི་རྒྱལ་པོ་གསུངས་གྱུར་ནས༎ ཤམྦྷ་ལ་རུ་ཆོས་རྒྱལ་དང་༎ རིགས་ལྡན་རྣམས་ལ་བརྒྱུད་པ་གང་༎ དེ་ཡིས་ཇི་ལྟར་བཤད་པའི་ཚུལ༎ དེ་ནས་འཕགས་ཡུལ་གྲགས་ལྡན་དུ༎ དམ་པ་གང་གིས་
གསལ་བར་མཛད༎ སླད་ཀྱི་གངས་རིའི་ཁྲོད་འདིར་ཡང་༎ གང་དང་གང་གིས་གཏམ་འདི་གསལ༎ མདོར་ན་སེངྒེ་དེ་ཉིད་ཀྱི༎ ཕྲུ་གུ་ཡིས་ནི་མཚོན་ནུས་ལྟར༎ ཡོངས་སུ་འཛིན་པའི་ཁྱད་པར་ནི༎ སློབ་མ་རྣམས་