R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 245b
[A:245b] ཀྱི་རྟགས་མས་ཤེས༎ སངས་རྒྱས་ཉིད་ནས་དེང་སང་བར༎ བརྒྱུད་པའི་རིམ་པ་མ་ཆད་པ༎ རིན་ཆེན་ཕྲེང་མཛེས་ལྟར་བསྐྱུས་པའི༎ དམ་པ་རྣམས་ཀྱི་མཛད་པའི་ཕུལ༎ རྣམ་ཐར་མཛེས་པའི་ཅོད་པན་འདི༎ ཀུན་གྱི་མགོ་བོ་བརྒྱན་
པའི་ཕྱིར༎ ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ༎ རང་དབང་དུ་ནི་ལེགས་སྤྱོད་པའི༎ རིན་ཆེན་ཆོས་ཀྱི་རྒྱལ་པོ་ལ། སྐལ་བཟང་ཆོས་ཀྱི་རྒྱ་མཚོའི་སྡེས༎ གུས་ལྡན་བློ་མཚོ་ལས་འོངས་པའི༎ གསོལ་བཏབ་གསེར་གྱི་དོ་ཤལ་
གྱིས༎ མགུལ་པ་བཀྲ་མ་བྱས་པ་ཡིས༎ ལེགས་དགུའི་སྐྱེས་བཟང་བསྩལ་པ་ཡིན༎ དེ་ལས་བྱུང་བའི་དགེ་བ་ཡིས༎ འགྲོ་ཀུན་སྙིང་པོའི་ལམ་ཞུགས་ནས༎ སྒྲིབ་བྲལ་དུས་ཀྱི་འཁོར་ལོ་ཡི༎ གོ་འཕང་ཐོབ་པར་གྱུར་
ཞིག་གུ ཆོས་འདི་ལ་མོས་པས་ངེས་པའི་དོན་ལ་བློའི་སྣང་བ་རྒྱས་པ་བླ་མ་ནམ་ལངས་པ་དང་། བླ་མ་གསལ་ཡངས་པ་དང་། བཤེས་གཉེན་དཀོན་མཆོག་ཆོས་རྒྱལ་དང་། དཔལ་འབྱོར་ཕུན་ཚོགས་རྣམས་དང་། རིག་བྱེད་ཀྱི་དབང་
པོ་དར་པོ་རྣམས་ཀྱིས་སྦྱིན་བདག་བགྱིས་ཏེ། བསྙེན་སྒྲུབ་རས་ཆེན་པ་དང་བླ་མ་བློ་གྲོས་འོད་ཟེར་པས་པར་ཤིང་བསྒྲུབས་ཤིང་། ཟོམ་གྱི་མཁས་པ་ལྷ་སྐྱབས་རྡོ་རྗེས་ཡི་གེར་བཀོད་ནས། དཔོན་དར་པོ་དཔོན་སློབ་ཀྱིས་