R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 246a
[A:246a]དུས་ཀྱི་འཁོར་ལོ་གངས་ཅན་དུ་ཕེབས་ནས་ལོ་བརྒྱ་བདུན་ཅུ་པ་མེ་ཕོ་འབྲུག་གི་ལོ་ལ་པར་དུ་གྲུབ་སྟེ་སྦྱིན་པར་བྱ་བའི་ཆོས་སོ༎ གང་ཡང་འདི་ལས་བྱུང་བའི་དགེ་བ་དེས། སྦྱིན་བདག་རྣམས་དང་ཡི་གེ་པ་
དང་། བསྐོས་ཀྱི་རིག་བྱེད་པ་རྣམས་དང་། མ་དང་ཕ་དང་། མཁན་པོ་དང་། སློབ་དཔོན་དང་། དགེ་བའི་བཤེས་གཉེན་སྔོན་དུ་འགྲོ་བའི་སེམས་ཅན་གྱི་ཕུང་པོས་བླ་ན་མེད་པའི་ཡེ་ཤེས་ཀྱི་འབྲས་བུ་དཔལ་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་མྱུར་
དུ་ཐོབ་པར་གྱུར་ཅིག བསོད་ནམས་འདི་ཡིས་འགྲོ་རྣམས་དུ་བ་ལ་སོགས་ལམ་གྱི་ལྷན་སྐྱེས་བདེ་བ་མཆོག་བསྡོམས་ཏེ༎ འགྲོ་བའི་བླ་མ་སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་འདི་ཆོས་ཀྱི་འཁོར་ལོར་ཡང་དག་གནས༎ ལྷ་རྣམས་
མགོ་ཡི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱིས་ཞབས་ཀྱི་པདྨ་ལ་གཏུགས་ཤིང་༎ དམ་པའི་ལམ་སྟོན་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག། དུས་འཁོར་གསང་བ་ལེགས་རྟོགས་
དམ་ཚིག་ཡོངས་ལྡན་ཞིང་༎ འདི་སྟོན་བླ་མའི་རྗེས་འབྲངས་རྡོ་རྗེ་སྤུན་ལ་སོགས༎ ཕན་ཚུན་ལེགས་པར་སྨྲ་ཞིང་འཁོན་ཏུ་མི་འཛིན་དང་༎ དམ་ཚིག་རྡོ་རྗེ་གླེང་སློང་དལ་གྱིས་གནས་པར་ཤོག། མ་རུངས་དམ་བྲལ་