R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 2b
[A:2b]ཉམས་དགའ་བ༎ ཡོན་ཏན་མེ་ཏོག་དྲི་བཟང་རྣམ་ཆགས་བཀའ་རྒྱུད་ཡོངས་འདུའི་དབང་པོ་གང་༎ འགྲོ་འདིའི་བསོད་ནམས་ར་བར་རྣམ་རྒྱས་རྟོགས་བརྗོད་དཔག་
བསམ་སྙེ་མ་ཡི༎ མཆོད་སྦྱིན་བཟང་པོས་སྐལ་བཟང་རྣམས་ཀྱི་རེ་བའི་སྙིམ་པ་བསྐང་བར་བྱ༎ བར་དུ་དགེ་བ་གཞུང་། འདིར་གང་ལ་བརྟེན་ན་རྣམ་པ་ཀུན་ཏུ་མི་སླུ་བ་ནི།
རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀའ་བསྡུས་ཏེ་འགྲེལ་བས་ལེགས་པར་བཀྲལ་བ། གྲུབ་ཆེན་
རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པས་གྲུབ་པ་ཐོབ་པ། པཎྜི་ཏ་རྣམས་ཀྱིས་འཆད་ཉན་དང་འབེལ་གཏམ་གྱིས་གཏན་ལ་ཕབ་པ། བོད་ཡུལ་འདིའི་དབང་ན་བྱས་
ན་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་བ། བླ་མ་དམ་པའི་བརྒྱུད་པ་བར་མ་ཆད་པ་དང་ལྡན་པ་ཞིག་དགོས་པར་བཀའ་ཡང་དག་པ་ཚད་མར་གྱུར་པ་ལས་འབྱུང་ལ། དེ་ནི་