R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 236
[A:236] བཀའ་དྲིན་གསུམ་བདག་དཔལ་ལྡན་བླ་མ་རྣམས། །མཉེས་པའི་སྒྲུབ་ལ་སྨོན་པ་འགྲུབ་གྱུར་ཅིག་།དེ་ལྟར་མངོན་འདོད་དོན་ཀུན་འགྲུབ་པ་དང་། །ཁྱད་པར་རྡོ་རྗེའི་བཀའ་རྣམས་གསལ་བསྡུས་པའི། །ཕྲིན་ལས་སྤེལ་ལ་མཐུ་ལྡན་སྲུང་མའི་ཚོགས། །རྒྱལ་བས་གཉེར་དུ་གཏད་པ་དོན་ཡོད་མཛོད། །སངས་རྒྱས་དཀོན་མཆོག་མཆོད་དང་བསྙེན་བཀུར་དམ་ཆོས་དཀོན་མཆོག་ཀློག་དང་སྒྲུབ། །དགེ་འདུན་དཀོན་མཆོག་ཕྱོགས་མཐར་དར་རྒྱས་རིན་ཆེན་གསུམ་གྱི་མངའ་ཐང་དཔལ། །འཇིག་རྟེན་དགེ་བའི་སྐྱབས་ཀྱི་གདུགས་བཟང་མངོན་མཐོར་བརྟན་པས་ཁེབས་པའི་འོག་།ཕན་བདེའི་གྲིབ་བསིལ་ཁོར་ཡུག་ཡངས་པར་རྟག་ཏུ་ལེགས་གནས་བཀྲ་ཤིས་ཤོག་།ཅེས་དཀྱིལ་འཁོར་རྒྱ་མཚོའི་རྡོ་རྗེའི་སློབ་དཔོན་ཆེན་པོ་མཉམ་པ་མེད་པའི་ཐུགས་རྗེ་མངའ་བ་རྣམས་ཀྱི་བཀའ་དྲིན་ལས། རྡོ་རྗེའི་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྩོད་པ་དང་བྲལ་བ་འདི་དག་གི་བཀའ་སྲོལ་རྣམ་པར་དག་པའི་རྒྱུན་བཞུགས་སོ་འཚལ་བསོད་ནམས་ཀྱི་སྐལ་བར་ནོས་པ་ཡིད་བཞིན་ནོར་བུ་བརྒྱ་སྟོང་ལག་ཏུ་ཐོབ་པས་དཔེར་བྱ་མི་བཟོད་པའི་དད་འདུན་ལྷག་བསམ་ཆུད་མ་ཟོས་པར་གྱུར་པའི་སྤྲོ་བ་ཆེས་ཆེར་འཕེལ་བ་དང་འཕྲེལ། བསྟན་པར་སྨན་དུ་རེ་ཞིང་དོན་དུ་གཉེར་བའི་སྐྱེ་བོ་མཆོག་རྣམས་ལ་ཐོག་མའི་སྨིན་གྲོལ་གྱི་སྒོ་འཕང་རྫོགས་པར་དབྱེ་བའི་སྐབས། མཁྱེན་རབ་ཀྱི་དབང་ཕྱུག་ཧོར་དགེ་འཕེལ་སྤྲུལ་པའི་སྐུ་རིན་པོ་ཆེ་སྙན་གྲགས་བསྟན་པའི་དབང་ཕྱུག་དང་། ནང་ཆེན་སྐྱིལ་ཚ་བླ་མ་བསླབ་གསུམ་ནོར་འཆང་ཚུལ་ཁྲིམས་དབང་ཕྱུག་དཔོན་སློབ་ནས་བརྒྱུད་པའི་ཡི་གེ་ཁོག་བསྒྲིགས་གནང་འདུག་པ་ལ། ལམ་འདིར་རྩོལ་བ་ཆེན་པོའི་ཁུར་ལེན་པ་པོ་འཇམ་དབྱངས་བློ་གཏེར་དབང་པོས་རང་ནོར་རང་གཅེས་ཀྱི་ཚུལ་དུ་དཔྱད་ཅིང་ཞུས་ཏེ་རྗེས་