R1182: རྒྱུད་སྡེ་རིན་པོ་ཆེ་ཀུན་ལས་བཏུས་པའི་ཐོབ་ཡིག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མ་ལུས་པ་གཅིག་ཏུ་འདུས་པ་རྡོ་རྗེ་རིན་པོ་ཆེའི་ཟ་མ་ཏོག

  • Pagination (Witness A): 2
[A:2] ཨོཾ་སྭ་སྟི། བཟོད་ནས་རྣམ་དག་འདུས་མ་བྱས་དབྱིངས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུར། །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་སྤྲིན་གྱི་བླ་བྲེ་བཤམས་པ་ལས། །སྤྲུལ་པའི་གྲུ་ཆར་རྟག་ཏུ་བསྙིལ་བའི་དགེ་མཚན་འགོག་པ་མེད་པ་ཡི། །སྙིང་རྗེས་ཡོངས་གང་དཔལ་ལྡན་བླ་མ་རྡོ་རྗེ་སྙེམས་མའི་བདག་པོས་སྐྱོངས། །བསྐལ་བཟང་འདྲེན་པ་སྟོང་དབུས་ཐུགས་བསྐྱེད་ཀྱི། །ལྷུན་པོ་མངོན་འཕགས་བཅོམ་ལྡན་ཤཱ་ཀྱའི་རྒྱལ། གང་ཞབས་ལ་ཆགས་རྡུལ་ཆ་རེ་རེས་ཀྱང་། །ཉེས་པའི་དྲི་སྦྱོང་ནམ་ཡང་གཙུག་ན་མཆོད། །ཡིད་ཅན་བློ་ཡི་ར་རི་འཁྲུད་པའི་ཕུལ། །ལུང་རྟོགས་དམ་པ་ཆོས་ཀྱི་བདུད་རྩི་སྟེ། །བྱང་ཆུབ་ལང་ཚོ་མ་རྫོགས་དེ་སྲིད་དུ། །སྙིང་ལ་བཅུད་ལེན་གཅིག་ཏུ་གུས་པས་འཛིན། །ཞི་བའི་བཏུང་བ་ལ་སྤྱོད་རིག་གྲོལ་གྱི། །ཡལ་འདབ་རྫོགས་གྱུར་ཚོགས་མཆོག་དཔག་བསམ་དབང་། །རྒྱལ་བའི་ལམ་ཞུགས་རྒྱུད་ལ་འདོད་སྦྱིན་པ། །དུས་གསུམ་