R1186: ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།

  • Pagination (Witness A): [-]
།རྐང་གཉིས་གཙོ་བོ་དེ་ལ་ཕྱག་འཚལ་ལོ། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །ཐུབ་པ་ཆེན་པོའི་དྲུང་དུ་རྣམ་པར་སྤྲུལ། །འགྲོ་དྲུག་མུན་སེལ་འགྲོ་བ་འདྲེན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྷ་དབང་བརྒྱ་བྱིན་ཚངས་པ་ཆེན་པོ་དང༌། དབང་ཕྱུག་ཆེན་པོས་ཀྱང་ནི་འགྲོ་བ་འདུལ། །མཛད་པ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་བློན་བྱང་ཆུབ་སེམས་དཔའི་རྣམ་ཐར་འདི། །མགོ་རྩ་བསྒྲིགས་པ་འདི་རྣམས་གང་གིས་བྱས། །ལྷོ་བྲག་དཔལ་གྱི་དགོན་པར་གཅིག་པུ་རུ། །སེམས་ཅན་ཀུན་ལ་བརྩེ་བའི་ཐུགས་རྗེ་ཅན། །བདུད་རཙི་ཞིག་པོ་ཞེས་པའི་འཁྲུལ་ཟིག་དམ་པ་དང༌། འཇིག་རྟེན་མགོན་པོ་རིན་པོ་ཆེ། །རྒྱལ་བའི་སྲས་པོ་མཐུ་བོ་ཆོས་ཡེ་ཡིས། །ཡང་ཡང་བསྐུལ་མ་བཏབ་པལའི་ངོར་བྱས་ནས། །བཀའ་གཏེར་མང་པོ་ཇི་སྙེད་ལེགས་གཟིགས་ནས། །ཉང་བན་ཉི་མ་འོད་ཟེར་བསམ་པ་དྭངས་པས་བྱས། །རང་བཟོ་ར་ཆོད་་་་་་རས་གཅོད་་་་་་སྤངས་ཏེ་ཡི་གེར་བཀོད། །དེ་ཡང་རྒྱལ་པོ་ཆེམས་ཀྱི་ཡི་གེ་འདི་ཡང༌། མཐོང་བ་དང༌། ཐོས་པ་དང༌། རྙེད་པར་བཀའ་་་་་་དཀའ་་་་་བས་ཏེ། ཇི་ལྟར་བཀའ་་་་་དཀའ་་་་་ན། སྔོན་བསོད་ནམས་བསགས་པའི་གང་ཟག་མ་ཡིན་པས་མི་ཐོས། །དད་པ་ཡང་མི་སྐྱེ། སྐལ་བ་དམན་པས་མི་གོ། ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་ནི། དཔལ་ལྡན་ཨ་ཏི་ཤས་ར་ས་འཕྲུལ་སྣང་གི་གདུང་བར་ནས་རྙེད་པ་རྒྱལ་པོ་རནམས་ཀྱིས་མཛད་པའི་བཀའ་རྩིས་ཆེན་པོ་དང༌། བཙུན་མོ་རྣམས་ཀྱིས་མཛད་པའི་དར་དཀར་གསལ་བའི་མེ་ལོང་དང༌། བློན་པོ་རྣམས་ཀྱིས་མཛད་པའི་ཟླ་བའི་འདོད་འཇོ་རྣམས་དང༌། ཡང་ཇོ་བོ་རྗེས། བསམ་ཡས་ཨརྱ་པ་ལོའི་གླིང་ནས་དང༌། གྲ་པ་མངོན་ཤེས་ཅན་གྱིས་བཏོན་པ་དང༌། ལ་སྟོན་གཉག་སྟོན་གྲུབ་ཐོབ་དངོས་གྲུབ་ཀྱིས་ཐུགས་རྗེ་ཆེན་པོའི་གཙང་ཀང་རྟ་མགྲིན་གྱི་འོག་ནས་བཏོན་པ་དང༌། ཉང་རལ་པ་ཅན་ཁོ་བོས་བསམ་ཡས་དང༌། ཁྲ་འབྲུག་དང༌། མཁོ་འཐིང་ལྷ་ཁང་ནས་བཏོན་པའི་གཏེར་ཡིག་དང༌། དུས་ཕྱི་དར་གྱི་ལོ་རྒྱུས་རྣམས་དང༌། བོད་དང་སྔགས་དང་མཚན་ཉིད་གྲྭ་ས་ཀུན་ལ་མཁས་པ་རྣམས་ཀྱི་སྙན་དུ་གྲགས་པའི་གསུང་དང༌། གཏམ་རྒྱུད་མ་ནོར་བ་དང༌། རྒྱལ་རབས་གསང་བ་ཆོས་ལུགས་དང༌། སྒྲག་པ་བོན་ལུགས། རྐྱང་པ། ཁུག་པ། སྦགས་་་་སྦས་་་་པ་གསུམ། རྒྱལ་བློན་གབ་པ། ཡུན་པོ་གསེར་སྐས་དགུ་པ། ཟིངས་པོ་སྣ་ཚོགས་ཅན། དེ་རྣམས་ཀྱི་དོན་དང་སྟོན་པའི་གསུང་རབ་ལས་བྱུང་བ་དང༌། བླ་མ་དམ་པ་རྣམས་ཀྱི་བཀའ་ལུང་དང༌། རྒྱལ་པོའི་གསུང་རབ་ལས་བྱུང་བ་དང༌། བླ་མ་དམ་པ་རྣམས་ཀྱི་བཀའ་ལུང་དང༌། རྒྱལ་པོའི་བཀའ་ཆེམས། སོ་སོ་སྐྱེ་བོའི་བདེན་པའི་ངག་སྨྲ་བ་རྣམས། འདུལ་བ་དང༌། བསྟན་བཅོས་དྲི་མ་མེད་པ་ལས་བྱུང་བ་དང༌། དེ་རྣམས་ཀྱི་ནང་ནས་བསྡུས་ཏེ། ངེས་དོན་གཏན་ལ་ཕབ། ལྷད་མ་བཅུག སྒྲོ་མ་བཏགས། སྐུར་བ་མ་བཏབ། གྲ་ཆག་ཟུར་ཉམས་སུ་མ་བཏང༌། བཀའ་མདོ་རྒྱུད་རྣམས་དང༌། བསྟན་བཅོས་མན་ངག་ཀུན་ནས་གཏན་ལ་ལེགས་པར་ཕབ་སྟེ་བསྡེབས་པ་ལགས་སོ། །འགལ་འཕྲུལ་ཉེས་པའི་དྲི་མ་མི་བདོག་པས། །འདི་ལ་རྩོད་པ་བྱེད་འགྱུར་མི་དད་ན། །ལོག་རྟོག་ཕྲག་དོག་ཅན་ལ་བཟོད་པར་གསོལ། །ལྷག་ཆད་མ་སྙེམས་དག་ཉེས་པ་མཆིས་སྲིད་ན། །ཆོས་ཀྱི་སྤྱན་ལྡན་མཁས་པ་རྣམས་དང་ནི། །ཡེ་ཤེས་སྤྱན་ལྡན་ཚོགས་ལ་བཟོད་པར་གསོལ། །བསྟན་པའི་གསལ་བྱེད་ལགས་པས་གཟིགས་མོ་མཛོད། །རྨོངས་པ་བརྟོལ་ཅོལ་མ་སྨྲ་མདོ་རྒྱུད་ལྟོས། །སྔ་རབས་མཀས་པ་རྣམས་ཀྱང་དེ་ལྟར་གསུངས། །འཕགས་པའི་སྤྲུལ་པ་མཉམ་མེད་འགྲོ་བའི་དཔལ། །ཆོས་ཀྱི་རྒྱལ་པོ་འགྲན་ཟླ་མེད་པ་ཡིས། །སྤྲུལ་པའི་རྒྱལ་པོ་མཛད་པ་ཡོངས་སུ་གྲགས། །མི་ནུབ་བསྟན་པའི་རྒྱལ་མཚན་ཆེ་པོ་ཡི། །ཡོན་ཏན་མང་པོ་བརྗོད་པལར་མ་ནུས་ཀྱང༌། །རིགས་རྒྱུད་དབོན་སྲས་རིམ་པ་ཞིབ་པར་བཀོད། །ཀུན་དང་ཐུན་མོང་མ་ལགས་རྩིས་སུ་མཛོད། །དཀོན་ན་རིན་ཐང་ཆེ་བ་བོད་ཀྱི་ལུགས། །དེང་སང་དུས་ན་གནའ་གཏམ་རྙིང་པར་རྩི། །བཀའ་དང་མདོ་རྒྱུད་གོང་མའི་གསུང་ལ་སྨད། །གཟུ་ལུམ་ར་ཆོད་་་་རས་གཅོད་་་་་དམ་པའི་ཆོས་ལ་སྨྲ། །སྡིག་དང་སྡུག་ལ་དགེ་བའི་རྩ་བར་རེ། །ཀྱེ་མ་འཁྲུལ་རྟོགས་ཅན་ལ་ཇི་ལྟར་བགྱི། །འོན་ཀྱང་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་གྱིས།