R1210: དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ་བཞུགསོ༎

  • Pagination (Witness A): 5b
[A:5b]དང༔ ལཾ་སུཾ་མདོ་དང༔ ལཾ་སྲང་ཆེན་པོར་བྱོན་ནས༔ འབོད་པ་བཏང་ཏེ༔ སྒོམ་ཏིང་ངེ་འཛིན་དགོས་པ་སུ་ཡོད་དྲིས་ནས༔ སྣོད་དང་བཏུན་པའི་ཐམས་ཅད་ལ་གདམ་པ་འདི་གནང་པས༔ སྐྱེས་བུ་སྐལ་བར་ལྡན་པ་རྣམས་ཀྱིས་ནི་བླ་མ་དང་མཉམ་པ་དང༔ ཚེའི་རིགས་འཛིན་ཐོབ་པ་དང༔ བདེན་པ་ཐོབ་པ་དང༔ དངོས་གྲུབ་ཆེན་པོ་བརྒྱད་པོ་རེ་རེ་ཐོབ་པ་ནི་དཔག་ཏུ་མེད་པ་བྱུང༔ འཛག་མེད་དང༔ རླུང་གི་ལས་ཐོབ་པའང་མངོ༔ དེ་ནས་གོ་རེག་ནཱ་ཐ་ཅེས་པ༔ བོད་སྐད་དུ༔ བ་གླང་མགོན་ཅེས་བྱ་བ་ཡིན་ཅིང༔ རྒྱ་གར་གྱི་ཡུལ་ཆེན་པོ་ཐམས་ཅད་དུ་གྲགས་སོ༎ དེས་ན་དུས་ཕྱིས་རྣལ་འབྱོར་པ་ཐམས་ཅད༔ གོ་རེག་ནཱ་ཐ་ལ་མ་ཐུག་པ་ཤས་ཆུང་ངོ༔ རྣལ་འབྱོར་ཆེན་པོ་བ་གླང་སྐྱོང་གི་རྣམ་པར་ཐར་བ་ཟུར་ཙམ་རྫོགསོ༎[B:541]
Biography of Golenāthā
༎དེའི་བུ་ཆེན། གོ་ལེན་ནཱ་ཐཱ་ཅེས་པ༔ ཁོང་གི་འཁྲུངས་ཡུལ་ནི་བྷཾ་ག་ལ་ཡིན༔ གྲོང་ཁྱེར་ག་ག་ལསུརི་ཡིན༔ ཁོང་གི་འཆི་མེད་འདི་གསན་ནས༔ རྒྱ་རྫ་ཆེན་པོ་ཅིག་གི་ནང་དུ༔ ལོ་བཅུ་གཉིས་བསྒྲུབ་པ་ལ་བཞུགས་བཞེད་ནས་བཞུགས་ཡོད་པ༔ ལོ་ཕྱེད་དང་བཅུ་༢་སོང་པའི་ཚེ༔ ཁོང་གི་ཡོན་བདག་༡་གི༔ བ་གླང་བརྒྱད་སྟོར་ནས་མ་བརྙེད་པས། བླ་མ་