R1210: དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ་བཞུགསོ༎

  • Pagination (Witness A): 6a
[A:6a]༄ ལ་ཞུས་པས༔ ཁོང་གི་མཁྱེན་སྟེ༔ གནས་འདིར་འདུག་པས་ལོང་གསུངས་པ་བཞིན་བྱུང་ནས༔ ཡོན་བདག་གིས་གྲུབ་པ་ཐོབ་པར་ཤེས་ཏེ༔ དགའ་ཞིང༔ བ་༡་བཙོངས༔ དེའི་རིན་ལ༔ དངུལ་གྱི་སྲང་ཀ་བརྒྱད་ཁུགས་ནས་བླ་མ་ལ་ཕུལ་བས། བླ་
མས
བཞེས་སོ༔ དེ་ནས་ཀུན་གྱི་འཇལ༔ བུ་མེད་པ་རྣམས་ཀྱིས་བུ་ཞུས་པ་ལསྭོ་ཏེ༔ ཅིང་འདོད་སྣང་ཅིང༔ སྣང་པ་ལྟར་བྱུང་ངོ༔ དེར་བསམ་གཏན་ལ༔ འདོད་ཡོན་གྱི་བར་ཆད་དུ་སོང་པས༔ མཁའ་སྤྱོད་འགྲུབ༔ བདེན་[B:542]པ་གང་བརྗོད་པ་འགྲུབ་པ་དང༔ ཆུ་ལ་མི་བྱིང་པ་ལསྭོ་པའི་ནུས་པ་དང་ལྡན་པ་ཡིན་ནོ༎ རྒྱ་རྫའི་མིང་གོ་ལེ་ཟེར་བས་ན༔ བཞུགས་གནས་ལ་མཚན་དུ་ཐོགས་ཏེ༔ གོ་ལེ་ནཱ་ཐ༔ བོད་སྐད་དུ་རྒྱ་རྫ་མགོན་པོ་ཅེས༔ རྒྱ་གར་ན་གྲགས་ཞེས་གསུང་ངོ། དེས་ཚེའི་རིགས་འཛིན་ཡང་གྲུབ་སྟེ༔ ད་ལྟ་ཡང་བཞུགས་ཡོད་གསུང་ངོ༎ གོ་ལེ་ནཱ་ཐའི་རྣམ་པར་ཐར་པ་མདོར་བསྡུས་པ་རྫོགས་སོ༎ རྡོ་རྗེ་གདན་གྱི་མཁན་པོ་པཎྜི་ཏ་ཤ་རི་བུའི་ཞལ་མངའ་ནས། ཛྙཱ་ན་ཤརལས་བསྒྱུར་རོ༎ མཾགལཾ་བྷབ༹ནཏུ་ཤུབྷཾམ་ཨསྟུ་སརབ༹ཇགཏ །ཤུབྷཾ༎ eds: end of ms.