R1210: དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ་བཞུགསོ༎

  • Pagination (Witness A): 1b
[A:1b]༄༄༎ ༎རྒྱ་གར་སྐད་དུ༔ ཤྲཱི་བཱི་རུ་པཀྴ་བི་ཀཱ་ཐཱ༎ བོད་སྐད་དུ༔ དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ༎ ཁོང་རྒྱལ་པོའི་སྲས་ཡིན༔ ཡབ་༔ ཁོང་སྨྲ་མི་ཤེས་པའི་དུས་སུ་གྲོངས༔ ཡུཾ་དང་གཉིས་ཡོད་པ་ལས༔ རྒྱལ་ས་སྟོངས་པ་ཡིན་ལོ༔ ཁོང་གི་རིགས་ནི་བྲཾ་ཟེའི་[B:532]རྒྱལ་རིགས་ཡིན་ནོ༎ གཞོན་ནུའི་དུས༔ མཚན་མཁན་གིས་བཏགས་པས༔ ཐོག་མར་གཞན་གྱི་ཡུལ་དུ་འཁོར་ནས༔ རིགས་ངན་གྱི་ཟས་ཟ་བ་དང༔ མ་དང་ལྷན་༡་ཉལ་བ་དང༔ ཆང་འཐུངས་པར་འགྱུར་བ་དང༔ བ་གླང་གསོད་པ་དང༔ བྲཾ་ཟེ་གསོད་པ་དང༔ ལྔ་བྱེད་པར་འགྱུར་ཟེ་རོ༔ འདི་རྣམས་བྲཾ་ཟེའི་སྤང་བྱ་ཡིན་པས་ན༔ ཁོང་པའི་དགོངས་པ་ལ༔ ཡུལ་འདིར་བསྡད་ཀྱང་དེ་ལྟ་བུར༔ མཚམས་མེད་པའི་སྡིག་ཆེན་དུ་འགྱུར་བས་ན༔ རྒྱལ་ཁམས་ཕྱོགས་མེད་ལ་ཕྱིན་ནས༔ མ་འདི་རྣ་བས་མི་ཐོས་པའི་སར་བསྡོད་བསྙམ་ནས༔ ཡུལ་དང་གྲོང་ཁྱེར་གཞན་དུ་ཕྱིན་ནས༔ ལོ་བཅུ་གཉིས་ཙམ་སོང་ངོ་༎ དེར་ཁོང་གི་ཡུཾ་དེ་ཡང་སྐྱེས་པ་ཤི༔ བུ་གཅིག་པོ་རྒྱལ་ཁམས་ལ་སོང་པས༔ མ་དེས་ཀྱང་ཡུལ་གཞན་དང་གཞན་དུ་ཕྱིན་ནས༔ སྨད་འཚོང་མའི་སྤྱོད་པ་བྱས་སོ༎ དེར་བུས་སྨད་འཚོང་མའི་གནས་དེར་སླེབ་ནས༔ སྨད་འཚོང་མ་༡་ལ་གནས་དབྱར་ནས་བསྡདོ༔ དེར་ས་འཆིས་པས་ཅིགིས་ ཅིག༔ ངོ་མ་ཤེས་ནས་སྐྱོན་བྱས་སོ༎ དེ་ནམ་ཕྱེད་པ་དང༔ ཁ་སྐོམ་པས བུད་མེད་དེས་ཆང་བྱིན་ནོ༔ མ་བཏགས་པར་འཐུངས་