R1210: དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ་བཞུགསོ༎

  • Pagination (Witness A): 2a
[A:2a]༄༎ པས༔ ཆང་དུ་བྱུང་ནས་ཁྲོས་ཏེ༔ རྫ་མ་འོག་ཁང་སྐྱུར་བས༔ བེའུ་ཆུང་ཆུང་གི་མགོ་ལ་ཕོག་ནས་ཤི༔ དེར་བྲཾ་ཟེ་བ་གླང་གི་ལྕི་བ་ལ་གཙང་པར་བྱེད༔ བ་ནི་མ་[B:533]བཞིན་འཁུར་བ་ལ༔ བེའུ་གསད་པས་གཞན་གྲོགས་ཀྱིས་མཐོང་ན༔ བྲཾ་ཟེའི་ཟླ་ལ་མ་ཚུད་དོགས་པས༔ ཕྱི་རོལ་དུ་ལྕེ་སྤྱང་ལ་བསྐྱུར་བས༔ བྲཾ་ཟེ་༡་ཙོག་པུར་བསྡད་པའི་མགོ་ལ་ཕོག་ནས་ཤིའོ༎ དེར་རང་ཡུལ་དུ་བརྩིས་མཁན་ཟེར་བ་བཞིན་བྱུང་པ་འདྲ་སྙམ་ནས༔ བུད་མེད་ལ་ཁྱེད་ཀྱི་ཡུལ་གང་ཡིན་དྲིས་པས༔ ཌ་ཀི་ན་པན་ཐའོ༔ རིགས་གང་ཡིན༔ བྲཾ་ཟེ་ཡིན༔ སྐྱེས་པའི་མིང་ཅི་ཡིན༔ ཤྲི་བྲ་རྨ་ད་ཏོ༎ ཁྱོད་རང་ལ་ཅི་ཟེར༔ ལ་ཁ་མི༔ བུ་ཡོད་དཾ༔ ཤྲི་དྷརྨ་པཱ་ལ་ཟེར་བ་ཡོད་ཟེར་བས༔ བྲཾ་ཟེའི་འཚམས་མེད༔ མཚན་གང་༡་ལ་བྱུང་པར་ཤེས་ནས་འགྱོད་པ་དྲག་པོ་བྱུང༔ སྡིག་པ་༡་དག་པའི་ཐབས་ཁྱད་པར་ཅན་༡་བརྙེཾད༔ བླ་མ་བཟང་པོ་༡་དང་འཇལ་ལམ་བསམ་ནས༔ བླ་མ་ཚོལ་གྱིན་བྱོན་པས་༔ ནུབ་ཕྱོགས་ཀན་དྷ་ལི་བྱ་བར༔ ཛ་ལན་དྷ་ར་བཞུགས་པ་དང་འཇལ་ནས༔ དེར་སྔོན་གྱི་རྣམས་ཞུས་ཏེ་སྡིག་པ་འདག་པའི་གདམས་པ༔ གཞན་པས་ལཾ་མྱུར་བ་༡་རྗེས་སུ་གནང་པར་ཞུས་པས༎ ཛ་ལན་དྷ་རས་སྣོད་ལྡན་དུ་མཁྱེན་ཏེ༔ བཀའ་མདོ་བརྒྱུད་བསཾ་གྱིས་མི་ཁྱབ་པ་སྣང༔ ཁྱད་པར་དུ་རྡོ་རྗེ་རྣལ་འབྱོར་མའི་ཆོས་མང་པོ་སྣང༔ དེའི་ནང་ནས་མཆོག་ཏུ་གྱུར་པ༔ དབུ་གཅད་མའི་གདཾས་