R1210: དཔལ་ལྡན་བིར་ཝ་པའི་རྣམ་པར་ཐར་པ་བཞུགསོ༎

  • Pagination (Witness A): 5a
[A:5a]༄༎ གྲུབ་པ་ཐོབ་ནས༔ གོ་རེག་ལའང་མན་ངག་ཚིག་༡་ཀྱང་མ་བསྟན་པར༔ མཁས་སྤྱོད་དུ་གཤེགས་སོ༎ དེར་གོ་རེག༔ སྐྱོང་གིས་བཟའ་བཏུང་ཁྱེར་ནས་ཡོངས་པས༔ ཁོང་མི་སྣང་ནས༔ ཕྱོགས་འཚམས་ཐམས་ཅད་དུ་བཙལ་ཀྱང་མ་སྙེད༔ ཚོང་པའི་རྗེས་མཐོང་ནས༔ འཇིགས་པས་གསད་སྙམ་ནས་ཉམས་ཐག་པར་ངུས་སོ༔ དེ་ཛ་ལེན་དྷ་རས་མཁྱེན་ནས༔ བ་གླང་སྐྱོང་གི་ཙར་བྱོན་སྟེ༔ བུ་ཁྱོད་བསྡུལ་མ་བྱེད༔ ཙའུ་རུང་གིས་གྲུབ་པ་ཐོབ་ནས༔ ཁྱེད་ལ་གདཾ་པ་ཚིག་༡་ཀྱང་མ་བསྟན་པར་སོང་པ་ཡིན་པ་འདུག༔ ཁྱོད་ལ་ངས། མན་ངག་བསྟན་གྱི་གསུང་ནས་འཆི་མེད་ཀྱི་མན་ངག་ཐོག་མར་སྣང༔ ཁྱོད་ཀྱི་ལོ་བཅུ་༢༔ ལག་མེད་ཀྱི་གཡོག་བྱས་པ་གྲུབ་པ་ཐོབ་པར་གྱུར་གསུངས་པས༎ སྔོན་གྱི་ལས་སྦྱངས་[B:540]པ་ཆེ་བ་དང༔ གྲུབ་ཐོབ་ཀྱི་བདེན་པས༔ ཡང་དག་པའི་ཡེ་ཤེས་རྒྱུད་ལ་འཁྲུངས་ནས༔་སྐད་༡་དེ་ལ་མཁའ་ལ་འགྲོ་བ་ཐོབ་ནས༔ ནཾ་མཁའ་ལ་བླ་མ་དང་བསྙམ་པོར་འཕུར་རོ༎ དེར་ཁོང་གི་དགོངས་པ་ལ། ངས་སེམས་ཅན་ཐམས་ཅད་པ་གདམས་པ༔ མཆོག་དུ་གྱུར་པ་འདི་སྦྱིན་ལ༔ ཐམས་ཅད་ཆེ་ཐོབ༔ ཆེ་བར་འཚེང༔ ཆུང་ཐོབ༔ ཆུང་པར་འཚེང་པ་༡༔ བྱ་དགོས་དགོངས་ནས༎ གྲོང་དང༔ གྲོང་ཁྱེར་ཆེན་པོ་དང༔ ཚོང་འདུས་