[B:༡༩ན]འདི༎
དཔལ་ལྡན་འདུས་པའི་རྣལ་འབྱོར་པ༎
བློ་བཟང་གྲགས་པའི་དཔལ་གྱིས་ཟབ་མོའི་དོན༎
ཕྱོགས་དུས་ཀུན་དུ་བསྟན་པ་རྒྱས་ཕྱིར་མཛད༎
སྔོན་མེད་དཔར་དུ་སྒྲུབ་པའི་འཐུན་པའི་རྐྱེན༎
དཔོན་འདིར་ཡབ་ཡུམ་དང་ནི་དགེ་སྦྱོང་རིན་ཆེན་དཔལ༎
ལ་སོགས་འབྱོར་ལྡན་མང་པོས་དད་པས་བསྒྲུབས༎
དད་པའི་གསོལ་འདེབས་བླ་མ་འཇམ་པས་མཛད༎
དགེ་འདིས་མཚོན་པའི་ལེགས་ཚོགས་ཅི་མཆིས་པ༎
དཔལ་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་དང༎
རྒྱལ་བའི་བསྟན་པ་རིང་དུ་གནས་ཕྱིར་དང༎
བསྟན་པའི་སྦྱིན་བདག་ནམ་མཁའ་བཟང་པོ་བ༎
ཁུ་དབོན་སྐུ་ཚེ་ཆབ་སྲིད་རྒྱས་ཕྱིར་དུ༎
ཡོན་ཏན་འོད་སོགས་གྲོགས་མཆེད་དད་པས་བསྒྲུབས༎
འདི་ཡི་ཕྱོགས་སུ་སྒོ་གསུམ་རེ་རེས་ཀྱང༎
འཐུན་པའི་རྐྱེན་ལ་འབད་པ་གང་བགྱིས་པ༎
དེ་དག་ཀུན་ཀྱང་རྒྱལ་བའི་དམ་ཆོས་ཀུན༎
རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག༎
[...]src: Several wish-verses not transliterated here.
ཞུས་དག་པ་སྡོམ་བརྩོན་བསོད་ནམས་བློ་གྲོས་སོ། ཆོས་འཁོར་ཆེན་པོ་དཔལ་གྱི་ལྷ་སར་གྲུབ་པས་དགེ་ལེགས་འཕེལ་བར་གྱུར་ཅིག༎