R13: རྗེ་བཙུན་རིན་པོ་ཆེའི་རྣམ་ཐར།

  • Pagination (Witness A): ༣༥
[A:༣༥]༄༅༅། །རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་བཞུགས། །༄༅༅། །དཔལ་ཆོས་ཀྱི་རྗེ་ཁམས་གསུམ་གྱི་མགོན་པོ་རྗེ་བཙུན་ས་སྐྱ་པ་ཆེན་པོའི་ཞབས་ཀྱི་ཟེའུ་འབྲུ་ལ་གུས་པས་ཕྱག་འཚལ་ལོ། །ཡོན་ཏན་མེ་ཏོག་ཕྲིན་ལས་བཟང་པོའི་དྲི། །གདུལ་བྱ་དག་པའི་བུང་བས་ལེགས་བསྟེན་པ། །བློ་གྲོས་རྒྱ་མཚོ་ཐོས་པའི་ཆུ་རྒྱུན་གྱིས། །ཡོངས་གཏམས་ཆོས་རྗེ་པདྨའི་འབྱུང་གནས་མཆོག །ལེགས་བསམ་ཁྱོད་ཀྱི་རྣམ་པར་ཐར་པའི་ཚེ། །དམ་པའི་སྐྱེ་བོ་གཞན་ལ་ཤིན་ཏུ་དཀོན། །དེ་སླད་འགྲོ་བའི་བླ་མ་ཁྱོད་དྲན་པས། །དད་པའི་སྟོབས་ཀྱིས་སྤུ་ལྡང་མཆི་མ་གཡོ། །གང་ཞིག་ཁྱོད་ཀྱི་ཕྲིན་ལས་བཟང་པོའི་གཏེར། །རྣམ་པར་ཐར་པ་མཐའ་དག་སུས་བརྗོད་སྤོབས། །འགྲོ་བ་རྣམས་ལ་མངོན་སུམ་གྱུར་པ་ཡི། །ཕྲིན་ལས་འགའ་ཙམ་རེ་ཞིག་འདིར་བསྡུའོ། །འདིར་བདག་ཅག་གི་བླ་མ། ཁམས་གསུམ་གྱི་མགོན་པོ།