R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༣བ
[A:༩༣བ]ཆེན་ཀུན་དགའ་སྙིང་པོས་འདུས་པ་ཡེ་ཤེས་ཞབས་ལུགས། ཆོས་སྲུང་གཉན་མགོན་ཆེན་པོའི་ཆོས་སྐོར་སོགས་གསན་ཏེ། འཇམ་པའི་རྡོ་རྗེའི་མན་ངག་གི་སྒོ་ནས་རིགས་སྲས་བསྐྲུན་པའི་ཆོ་ག་མཛད་པས། རྗེ་བཙུན་སྐུ་མཆེད་བཞི་སོགས་འཇམ་དབྱངས་བདུན་བརྒྱུད་བྱོན་པ་ཡིན་པར་ཡང་བཤད་ལ། བླ་ཆེན་དེས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ལ་གནང་། དེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ། དེ་ཉིད་ཀྱིས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་ལ་གནང་། དེས་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་ལ་གནང་། དེའི་དྲུང་དུ་གུར་གྱི་མགོན་པོའི་སྤྲུལ་པ་དམ་པ་ཀུན་དགའ་གྲགས་ཀྱིས་གསན་ནས། དགའ་ལྡན་པ་བཀྲ་ཤིས་དཔལ་ལ་གནང་། དེ་ནས་དགའ་ལྡན་པ་ཀུན་དགའ་བསོད་ནམས། ཁམས་པ་རྡོ་རྗེ་དཔལ། བླ་མ་གྲགས་པ་དཔོན། ཀུན་མཁྱེན་གངས་ཁྲོད་པ། ས་བཟང་པཎ་ཆེན་མ་ཏིའི་མཚན་ཅན། ས་བཟང་འཕགས་པ། རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་མཁས་པའི་དབང་པོ་བསོད་ནམས་སེང་གེ རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་རིན་ཆེན། སྤྱན་སྔ་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོའི་བར་དུ་བརྒྱུད་དེ། དམ་པ་དེ་ཉིད་ཀྱི་དྲུང་དུ་ཁོ་བོ་ཅག་གི་སྐྱབས་གནས་དམ་པ་རྗེ་བཙུན་བུདྡྷའི་མཚན་ཅན་གྱིས་གསན། དེ་ཉིད་ལ་བདག་གི་རྣམ་འདྲེན་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་གསན་ལ། དམ་པ་དེ་ཉིད་ཀྱི་དྲུང་དུ་བདག་གིས་ཀུན་མཁྱེན་ཆེན་པོའི་སྒྲུབ་དཀྱིལ་གྱི་སྟེང་ནས་འདིའི་དབང་