R131: དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡བ
[A:༡བ] རྒྱ་གར་སྐད་དུ། གུ་ཎ་རཏྣ་ཨ་ཏི་ཤ་ཡ་པ་རི་གྲ་ཧ་ཤྲཱི་ཝཱཾ་སངྒུ་རུ་བྷཊྚ་རཱ་ག་བོདྷི་ཙིཏྟ་བཛྲ་སྭ་མཱི་ཏྲི་ཀཱ་ལ་ཛྙཱཿཔྲ་པཱ་ད་མཧཱ་ཀཿསརྦྦ་ཡེ་ན་མཿ བོད་སྐད་དུ། ཡོན་ཏན་རིན་ཆེན་ཕུལ་དུ་བྱུང་བ་ཡོངས་འཛིན་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པ་བཀའ་དྲིན་ཆེན་པོ་ཅན་རྣམས་ལ་ཕྱག་འཚལ་ལོ། །ཐོག་མཐའ་མེད་པའི་བྱང་ཆུབ་སེམས་ཀྱི་དངོས། །དངོས་ཀུན་ཁྱབ་བདག་རང་རིག་རྡོ་རྗེ་སེམས། །སེམས་དཔའ་སྙེམས་མའི་བདག་པོ་འཁོར་ལོའི་མགོན། །མགོན་པོ་མཉམ་མེད་གདོད་མའི་བླ་མ་རྒྱལ། །འདོད་ཁྲོ་རྨོངས་པས་གདུང་བའི་འགྲོ་རྣམས་ལ། །དེ་ཉིད་མ་སྤངས་བྱང་ཆུབ་བསྒྲུབ་པའི་ཐབས། །རྣམ་སྣང་བཤེས་གཉེན་དཔལ་ལྡན་འདུས་པ་ཡི། །རྒྱུད་ཆེན་