R132: དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་བདེ་མཆོག་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡བ
[A:༡བ] རྒྱ་གར་སྐད་དུ། ཤྲཱི་ཝན་ཙཀྲ་སམྦ་ར་ཙ་བྷཊྚ་རཀ་སངྒུ་རུ་ཏྲི་ཀཱ་ལ་ཛྙ་སིདྡྷི་ཤྭདྱ་པྲ་བི་དྭནྤ་ན་ཁ་ཨ་རུ་ཎ་རསྨི་དྭ་པ་དེ་པྲ་ཎ་མྱ་ར་ཏི་ཙིཏྟི་ན་ཨ་ནུ་གྲིཧྞནྟུ། བོད་སྐད་དུ། དཔལ་ལྡན་འཁོར་ལོ་སྡོམ་པ་དང་རྗེ་བཙུན་བླ་མ་དམ་པ་དུས་གསུམ་མཁྱེན་པ་རབ་ཏུ་མཁས་ཤིང་གྲུབ་པའི་དབང་ཕྱུག་གང་གི་ཞབས་སེན་དམར་བའི་འོད་ཅན་ལ་ནི་རྟག་ཏུ་འདུད་དོ་དགྱེས་པའི་ཐུགས་ཀྱིས་རྗེས་སུ་འཛིན་པར་ཤོག བརྟན་གཡོ་ཀུན་ཁྱབ་འཁོར་འདས་བདག་པོ་ཧེ་རུ་ཀ །བདེ་སྟོང་དབྱེར་མེད་མཆོག་ལ་རོལ་པའི་ལྷག་པའི་ལྷ། །དེ་ཉིད་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར་བསྟན་པའི། །ཁོ་བོའི་འདྲེན་པ་སྐྱབས་གནས་ཀུན་འདུས་བླ་མ་རྒྱལ། །གཞན་ལས་ཆེས་ཟབ་རྣལ་འབྱོར་གསང་མཐའི་ལམ། །འཕགས་པའི་ཡུལ་དང་བོད་ཡུལ་གངས་ཁྲོད་འདིར། །