R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡བ
[A:༡བ] རྒྱ་གར་སྐད་དུ། ཤྲཱི་ཙཀྲེ་ཤྭ་ར་ན་ཡ་ཀ་ཝ་ར་སངྒུ་རུ་ཙ་བཛྲ་མཧཱ་ཀ་ལ་ས་པ་རི་ཝཱ་ར་ཡེ་མ་མ་ཨ་བི་ཡོ་ག་ཧྲི་ད་ཡཱ་པ་ཙ་ཡ་ཀྲིཏྲ་ཀརྨ་བིསྟ་ར་བྷ་ཝ་ཏུ། བོད་སྐད་དུ། དཔལ་འཁོར་ལོའི་དབང་ཕྱུག་འདྲེན་མཆོག་བླ་མ་དམ་པ་དང་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ལ་བདག་འབྲལ་མེད་སྙིང་གི་དཀྱིལ་ནས་གསོལ་བ་འདེབས་སོ་འཕྲིན་ལས་རྒྱས་པར་གྱུར་ཅིག རྒྱུད་རྒྱལ་སྟོན་མཛད་གར་དགུའི་ཉམས་ལྡན་ཧེ་རུ་ཀ །