R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༡བ
[A:༢༠༡བ]པ་ཆེན་པོ་སངས་རྒྱས་རྒྱལ་མཚན་ལ་གནང་ཞིང་། རྗེ་བཙུན་འབྲེལ་ཚད་དོན་ལྡན་དེ་ཉིད་ཀྱི་དྲུང་དུ་བདག་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བདག་གིས་ཐོག་མར་བརྒྱུད་པ་དུ་མ་འདུས་པའི་ལྷ་བརྒྱད་དང་། འཁོར་རྐྱང་གི་རྗེས་གནང་སྩལ་བ་སྔོན་དུ་འགྲོ་བའི་སྒོ་ནས་ཟབ་མོའི་ཡང་རྩེ་མགོན་པོའི་སྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཕྱི་ནང་གི་ཁྲིད་དང་། ནང་ཁྲིད་དུ་གྲགས་པ་འཇམ་དབྱངས་སངས་རིན་གྱི་ཡིག་ཆའི་སྟེང་ནས་ཉམས་ཁྲིད་དཔེ་ལུང་དང་བཅས་པ་དང་། ཞལ་བཞི་པའི་ཚེ་སྒྲུབ་སྲུང་འཁོར་མ་རྒྱས་བསྡུས་གཉིས་ཀྱི་ཁྲིད་དང་ལུང་། དཔལ་དུར་ཁྲོད་བདག་པོའི་རྒྱུད་དང་མན་ངག་ཡོངས་རྫོགས་ཀྱི་ལུང་ཕྱག་ཁྲིད་དང་བཅས་པ་སྨིན་རྒྱས་ཀྱི་བཀའ་དྲིན་ཐོབ་པས། ཡིད་རབ་ཏུ་ཚིམ་ཞིང་ཟབ་ཁྱད་མང་པོ་ཆོས་ཀྱི་ཆེ་བ་ཙམ་ཡིན་པར་ཁོ་ཐག་ཆོད་པ་ལགས་སོ།
Biographical Sketch of bDag chen Blo gros rgyal mtshan །ཡང་བདག་ཆེན་འཇམ་དབྱངས་ཆེན་པོའི་རིགས་དང་ཆོས་ཀྱི་སྲས་མཆོག་ཏུ་གྱུར་