R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༡བ
[A:༡བ]རྒྱ་གར་སྐད་དུ། ཤྲཱི་དྷརྨཱ་སྭ་མི་སརྦ་ཛྙཱ་བྷཊྚ་ར་ཀ་རཏྣ་ནཱི་ར་བྷོ་ག་ཡེ་ན་མཿ བོད་སྐད་དུ། དཔལ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་ལ་ཕྱག་འཚལ་ལོ། །གང་སྐུ་ཉི་མ་འབུམ་གྱི་གཟི་འབར་ཞལ་དཀྱིལ་ཟླ་བ་རྒྱས་པ་ཅན། །གང་གསུང་ལེགས་བཤད་སྒྲོག་པའི་རྔ་ཆེན་ཐམས་ཅད་མཁྱེན་པའི་གསུངས་དབྱངས་མཚུངས། །གང་ཐུགས་ཟབ་ཅིང་གཏིང་དཔག་དཀའ་བས་ཀུན་མཁྱེན་རྒྱལ་བའི་སྤྱོད་ཡུལ་བ། །གང་ཞིག་རྗེ་བཙུན་མཁས་པའི་དབང་པོ་མཚུངས་མེད་ཨེ་ཝཾ་པ་དེ་རྒྱལ། །ཡོངས་འཛིན་གང་གི་ངོ་མཚར་རྣམ་ཐར་ལ། །དང་འདོད་དད་པའི་ཆུ་གཏེར་རབ་གཡོས་ཏེ། །ལེགས་པར་བཤད་པའི་ངོ་མཚར་རྦ་རླབས་འཕྲེང་། །ཅུང་ཟད་སྤེལ་འདིས་བློ་གསལ་ཀུན་དགར་བྱོས། །དེ་ལ་འདིར་ལྷར་བཅས་འགྲོ་བ་ཀུན་གྱི་སྐྱབས་གནས་དམ་པ་རྗེ་བཙུན་ཨེ་ཝཾ་པ་