R134: རྗེ་བཙུན་མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་དྭང་འདོད་དད་པའི་ཆུ་གཏེར་ལས་འོང་བའི་ངོ་མཚར་རྦ་རླབས་ཀྱི་འཕྲེང་མཛེས།

  • Pagination (Witness A): ༢༦བ
[A:༢༦བ]པས་བསྟན་པ་རྒྱས་བྱེད་ཤོག །ཅེས་མཁས་པའི་དབང་པོ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་པར་ཐར་པ་མདོ་ཙམ་བཤད་པ་འདི་ཡང་། ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱན་དཔལ་བཟང་པོས་རྗེ་ཉིད་ཀྱི་རྣམ་ཐར་མཐོང་བའི་ཚེ། ངོ་མཚར་བའི་མཛད་པ་རྣམས་དང་། མཁས་པའི་དབང་པོ་དེ་ཉིད་ཀྱི་གསུང་རབ་མཐའ་དག་ལ་ཐོས་བསམ་བྱས་པས། དང་འདོད་ཀྱི་དད་པ་དབང་མེད་དུ་སྐྱེས་པའི་རྐྱེན་བྱས། རྗེ་ཉིད་ཀྱི་དངོས་སློབ་ཆོས་རྗེ་བློ་གྲོས་རྒྱལ་མཚན་པས་མཛད་པའི་རྣམ་ཐར་ཆེན་མོ་ནས་བཏུས་ཏེ། རང་ལོ་ཞེ་གཅིག་ལོན་པ་མེ་མོ་གླང་གི་ལོ་དཔལ་ས་སྐྱར་གསུང་ངག་ཚར་བདུན་པ་བཤད་དུས་ཐ་སྐར་གྱི་ཟླ་བའི་ཚེས་ཉེར་གཅིག རྗེ་བཙུན་དཀོན་མཆོག་ལྷུན་གྲུབ་དེ་ཉིད་ཟབ་མོ་ཆོས་དབྱིངས་སུ་མཉམ་པར་བཞག་པའི་དུས་དྲན་གྱི་མཆོད་པ་འབུལ་བའི་ཉིན་བཞི་ཐོག་བླ་བྲང་གི་ཡང་སྟེང་བཀྲ་ཤིས་བརྩེགས་སུ་སྦྱར་བའི་ཡི་གེ་པ་ནི་གསོ་བ་རིག་པ་དང་ཡི་གེའི་འདུ་བྱེད་ལ་མཁས་པའི་ཕུལ་དུ་ཕྱིན་པ་གདོང་དགའ་པ་བསམ་པ་དོན་ཆེན་གྱིས་བགྱིས་སོ། །འདིས་བདག་ཅན་དཔོན་སློབ་རྣམས་ཀྱི་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།
སརྦ་མངྒ་ལཾ།། །།གཅིག་ཞུས།། །།