R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༥༡ན
[A:༥༡ན]ཟླ་བའི་དཀྱིལ་འཁོར་ཡོངས་སུ་གང་བའི་དུས་དགེ་བ་ལ། ཐུབ་བསྟན་གྱི་ཆུ་བོ་མཐའ་དག་ཡོངས་སུ་འདུ་བའི་གདན་ས་ཆེན་པོ་ཤྲི་ནཱ་ལེནྡྲའི་གཟིམས་ཁང་འོག་མ་བཀྲ་ཤིས་མཐོང་སྨོན་གྱི་འཇིགས་བྱེད་ལྷ་ཁང་དུ་སྦྱར་བའི་ཡི་གེ་བ་ནི་ལུང་རིགས་སྨྲ་བ་གྲགས་པ་རྒྱལ་པོས་བགྱིས་པ་སྟེ། འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་བདེ་དཔག་ཏུ་མེད་པ་འབྱུང་བའི་རྒྱུར་གྱུར་ཅིག།། །། བཀྲ་ཤིས་རྣཾ་[C:363]རྒྱལ་གངྒའི་ཆུ་རྒྱུན་ལས། ། རྣམ་མཐརཐར་ངོ་མཚར་རྒྱ་མཚོའི་ཆུ་གཏེར་འདི། ། ཡོན་ཏན་གདེངས་ཅན་དུ་མ་བརྩེ་དགའི་གྲོགས། ། དཔལ་ལྡན་གངས་ཅན་དབང་པོའི་མཐུ་ལས་སོ། ། ཐུབ་བསྟན་གསལ་བྱེད་རིང་ལུགས་འཛིན་རྣམས་ཀུན། ། སླད་ནས་དམ་པའི་ཚུལ་བཟང་བསྒྲུབ་པ་དང༌། ། མཁས་རྣམས་དགའ་བདེའི་སྣང་བ་འགྱེད་ཕྱིར་དུ། ། ངོ་མཚར་པར་གྱི༌[B:༩༦] ཉིན་བྱེད་དེང་འདིར་ཤར། ། ཤར་ཞིང་སྐྱེས་ཆེན་མང་པོ་བལྟམས་པའི་གནས། ། སློབ་དཔོན་ཆེན་པོའི་ལུང་བསྟན་རྒྱལ་པོའི་རིགས། ། སྐུ་རབ་པ་དེ་ཆོས་རྒྱལ་གང་དེ་ཡིས། ། མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་ཕྱིར་བསྒྲུབས། ། ལག་ཐིལམཐིལ་ལྟར་མཉམ་རྩེ་ལེའི་དྭོག་ས་འདིར། ། ཐུབ་པའི་ལག་སོར་མཛེས་པའི་རི་བོང་ཅན། ། བརྐོས་ཀྱི་རིགསརིག་བྱེད་རྩེར་སོན་དགོས་ཡགས་ཀྱིས། ། ཐུབ་བསྟན་ཀུན་དའི་གཉེན་བྱིན་དགའ་བས་ལོང༌། ། འདི་བགྱིས་དགེ་བ་བདུད་རྩིའི་ཆུ་རྒྱུན་དེས། ། བློ་གྲོས་གསེར་གྱི་བུམ་པ་ལེགས་སོན་ཏེ། ། ལོག་ལྟའི་དྲི་མ་མ་ལུས་དག་གྱུར་ནས། ། ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག།།། །།