[A:༩ན]ཀྱངཡང་མང་དུ་གསན་ནས་ཐུགས་ཉམས་སུ་བཞེས་པས་མཁས་པ་རྣམས་ཀྱི་གཙུག་གི་རྒྱན་དུ་གྱུར་པ་ལས་ཀྱང་ཆེས་མཆོག་ཏུ་གྲུབ་པའི་སྐྱེས་བུ་ཆེན་པོར་གྱུར་ཏོ། །
Teachings from Blo brtan bzhi pa
ཐམས་ཅད་མཁྱེན་བློ་གྲོས་བརྟན་པ་ཡུན་རིང་དུ་བསྟེན་ནས། སྒྲའི་བསྟན་བཅོས་ཀ་ལཱ་པ་དང༌། ཙནྡ་པ། སྡེབསསྡེབ་སྦྱོར་རིན་ཆེན་འབྱུང་ལྡན། སྙན་ངག་མེ་ལོང༌། དཔག་བསམ་ཁྲི་ཤིང༌། ཨ་མ་ར་ཀོ་ཥ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར། སུམ་རྟགས་ལ་སོགས་པ་ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་མཁས་པར་བསླབས། ཀྱཻ་རྡོ་རྗེའི་རྒྱུད་གསུམ་གྱི་བཤད་པ་དང༌། བདེ་མཆོག་རྩ་རྒྱུད་སྡོམ་འབྱུང་དང་བཅས་པའི་བཤད་པ། གསང་འདུས་རྩ་རྒྱུད་བཤད་རྒྱུད་བཞི་དང་བཅས་པ། གཤིན་རྗེ་གཤེད་དམར་གྱི་རྒྱུད་ལ་སོགས་པ་རྒྱུད་སྡེ་མང་པོའི་བཤད་པ་ཡང་མཐའ་ཆོད་པར་གསན། ཁྱད་པར་དུ་ལམ་འབྲས་བུ་དང་བཅས་པའི་མན་ངག །ལམ་སྐོར་ཆ་ལག་དང་བཅས་པ་མྱོང་ཁྲིད་དུ་གསན་ནས་ལམ་གྱི་མངོན་པར་རྟོགས་པ་མཐའ་དག་ཐུགས་རྒྱུད་ལ་འཁྲུངས་པར་མཛད། རྡོ་རྗེ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་བརྒྱད། བཅུ་གཉིས་མ། བཅུ་བདུན་མ། ལས་མཁན་ལྕམ་སྲིང་ལྔ། གཅེར་བུ་ཟངས་གྲི་ཅན། བེར་ནག་ཟངས་གྲི་ཅན་རྣམས་ཀྱི་རྗེས་གནང་སོ་སོར་ཡོད་པ་རྣམས་དང༌། གྲི་གུག་ལྷ་ལྔ། གུར་ལྷ་བརྒྱད། བཅུ་གཉིས་མ་རྣམས་ཀྱི་དབང་དང༌། དེ་རྣམས་ཀྱི་བསྒྲུབ་ཐབས་ལས་[C:272]ཚོགས་རྒྱུད་རྒྱ་གཞུང་དང་བཅས་པའི་ལུང་མན་ངག་ལག་ལེན་སོགས་ཆ་ཚང་དང༌། ཞལ་བཞི་པའི་བསྙེན་བསྒྲུབ་ལས་གསུམ་གྱི་རྗེས་གནང་དང༌། གནད་ལ་དབབ་པ། ཞལ་བརྙན་ཅན། དཀར༌[B:༢༢] སེར་དམར་ནག་བཞི། ལྷ་མང་མ་ཧེ་གདན་ཅན། ཁྱུང་ཞལ་ཅན་རྣམས་ཀྱི་རྗེས་གནང་སོ་སོར་ཡོད་པ་དང༌། དེ་རྣམས་ཀྱི་སྒྲུབ་ཐབས། ལས་རིམ་