[A:༡༡བ]གདམས་ངག་ཇི་སྙེད་ཅིག་གསན། མཁན་ཆེན་རིན་པོ་ཆེ་བྱང་བཟང་པའི་དྲུང་དུ། རྒྱུད་པ་སྣ་ཚོགས་ལས་འོངས་པའི་དབང་བསྐུར་བ་དང་རྗེས་སུ་གནང་བ་གྲངས་ཀྱིཀྱིས་མི་ཆོད་པར་ཙམ་གསན་ཅིང༌། གཞན་ཡང་
བླ་མ་དམ་པ་དཔག་ཏུ་མེད་པ་བསྟེན་ནས། བོད་གངས་ཅན་གྱི་ལྗོངས་ན་བཞུགས་པའི་དམ་པའི་ཆོས་ལ་མ་གསན་བྱ་བའམ། མི་མཁྱེན་པ་ཅུང་ཟད་ཀྱང་མེད་དེ། དེ་ཉིད་ཀྱིས་ན་ཀུན་མཁྱེན་པའི་སྐྱེས་བུ་ཞེས་བྱ་བར་ཡོངས་སུ་གྲགས་སོ། །
ཁྱོད་ཐུགས་ལྷ་ཡི་གཞལ་མེད་ཁང་ཆེན་དེར། །
རྒྱལ་བའི་གསུང་རབ་གསེར་གྱི་རི་མོའི་ཚོགས། །
མཐའ་དག་གསལ་བར་བྲིས་པའི་ངོ་མཚར་གང༌། །
ས་གསུམ་སྐྱེ་དགུའི་ཡིད་ལ་ལྷག་པར་སྨན། །
རྒྱལ་བའི་བཀའ་རྣམས་མཁའ་ལྟར་རྒྱ་ཆེ་ཞིང༌། །
ལུང་གི་སྐར་ཚོགས་བགྲང་བར་མི་ནུས་ཀྱང༌། །
ཁྱོད་ཀྱི་མཁྱེན་རབ་ཆོས་ཀྱི་དབྱིངས་ཆེན་དེར། །
མ་ལུས་ཅིག་ཅར་ཤོང་འདི་སྐལ་བ་བཟང༌། །
[C:277]རྒྱ་ཆེན་ཐོས་པའི་ཕ་མཐའ་མི་མངོན་ཞིང༌། །
ཟབ་གནད་གདམས༌[B:༢༦] པའི་གཏིང་དཔག་རབ་ཏུ་དཀའ། །
ཉམས་དང་རྟོགས་པའི་རྦ་རླབས་ཆེར་གཡོ་བའི། །
དམ་ཆོས་ཆུ་ཡི་གཏེར་ཆེན་ཁྱོད་ལགས་སོ། །
དེ་དག་ནི་རྒྱལ་བའི་གསུང་རབ་གསན་པ་མཛད་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ།། །།
བསམ་གཏན་གྱི་གནས་ལ་འཇུག་པའི་གཏམ།
ད་ནི། བསམ་གཏན་གྱི་གནས་ལ་གཅིག་ཏུ་བརྩོན་པས་བདེ་ཆེན་གྱི་ཡེ་ཤེས་བརྙེས་པའི་ཚུལ་མདོ་ཙམ་བརྗོད་པར་བྱ་སྟེ། སྐུ་གཞོན་ནུའི་ཚེའང༌། སྒོམ་ཁྲིད་སྟོན་པའི་བླ་མ་ཡིན་ནོ་ཅོག་ལ་ཤིན་ཏུ་གུས་ཤིང་བླ་མ་ཡོན་ཏན་དཔལ་བ་ལ་རྫོགས་ཆེན་གྱི་ཁྲིད་མང་དུ་གསན་ནས་སྒོམ་པའི་ཚུལ་དང༌། བླ་མ་གཅོད་ཆེན་པ་ལ། གཅོད་ཡུལ་གྱི་ཁྲིད་གསན་ནས་བསྒོམ་པའི་ཚུལ་མཛད་པ་སོགས། བྱིས་པའི་ཚེ་ནའང་རྣལ་འབྱོར་གྱི་དབང་ཕྱུག་