R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༡༢ན
[A:༡༢ན]རྣམས་དང་ཆ་འདྲ་བར། སྒོམ་གྱི་རིམ་པ་ལ་ཤིན་དུ་དགྱེས། གསན་པ་གནང་བའི་སྐབས་སུའང་བཤད་སྦྱང་དང་རིགས་ལུང་གྲོལ་ནས། ཡང་ན་བསྐྱེད་པའི་རིམ་པ་དང་ལྡན་པས་སྔགས་བཟླ་བར་མཛད། ཡང་ན་རྫོགས་པའི་རིམ་པ་སྤྲོས་པ་དང་བཅས་པས་རླུང་གི་སྦྱོར་བའམ་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པས། ནུབ་མོ་རྣལ་མཛད་པ་གཞན་གྱིས་མི་ཚོར་བར་གྲགས་སོ། །ཁྱད་པར་དུའང་། རྒྱལ་བའི་གསུང་རབ་མང་དུ་ཐོས་པ་རྣམས་ཀྱི་དོན་གྱི་སྙིང་པོ་ནི་སྒྲུབ་པ་དྲི་མ་མེད་པས་ཉམས་སུ་ལེན་པ་ཁོ་ནའོ་སྙམ་དུ་དགོངས་ནས་དགུང་ལོ་ཉེར་གཉིས་བཞེས་པའི་ཚེ། ས་མོ་ཕག་གི་ལོ་ལ། བཀའ་བཞི་འཛིན་པ་དགེ་འདུན་གྲུབ་པགསང་ཕུའི་འཆད་ཉན་སློབ་ཆུང་ལ་བསྐོས་ནས་[C:278]རྗེ་ཉིད་ཙཱ་རི་ཏྲའི་གནས་ཆེན་པོར་བསྒྲུབ་པ་ལ་བཞུགས་པར་བཞེད་དེ། དྭགས་པོར་ཕེབས་པ་ན་ཐོག་མར་ཤར་ཕུའི་འཇམ་དབྱངས་ཕུག་པར་དབོན་པོ་བཟང་རིན་པས་སྲིད་ཞུ་འབུལ་བའི་ཉེར་གནས་མཛད་ནས་དཔོན་སློབ་གཉིས་ཁོ་ན་ལ་ཉེར་གནས་ཀྱང་ཡོལ་བས་བར་བཅད་དེ་སྐུ་མཚམས་ལ་བཞུགས་པ་ན། སྒྲུབ་པའི་རྫས་ལ་སོགས་པ་ཉེ་བར་མཁོ་བ་རྣམས་ཀྱང་འབད་མེད་དུ་བྱུང་ཞིང༌། གནས་དེར་ཕེབས་མ་ཐག་པ་ནས་ཐུགས་རིག་དྭངས་ཤིང༌[B:༢༧] ཐུགས་སྤྲོ་བས་ཐུགས་དམ་ལ་ངང་གིས་འཇུག་པར་གྱུར༌། ཞག་བཅུ་སྐོར་ཙམ་སོང་རྗེས་ནས་ནམ་མཁའ་དྭངས་ཤིང་མེ་ཏོག་དང་འཇའ་འོད་ཀྱིས་གང་བ་དང༌། སྐབས་སུ་དྲི་བཟང་པོ་བྲོ་བའང་བྱུང་ཞིང༌། རྣ་ལམ་ངོ་མཚར་ཅན་མང་པོ་ཤར་བ་དང༌། ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་མང་པོའང་འཁྲུངས། བཟླས་པའང་སྔར་ལས་འགྲོ་ཆེ་ཞིང༌། གཉིད་དང་རྨུགས་པ་སངས་པས་སྐུ་གསུང་ཐུགས་