[A:༢ན]ཐབས་ཤེས་སྐྱ་བ་གཡོ་བའི་རྫུ་འཕྲུལ་གྱིས། །
རྣམ་[C:257]གྲོལ་ཡིད་བཞིན་གླིང་དུ་ཆས་པ་ཡི། །
ངོ་མཚར་གཏམ་གྱི་དབའ་བརླབས་འདིར་བསྐྱོད་བྱ། །
སྐྱེས་བུ་དམ་པ་རྣམས་ནི་སེམས་ཅན་གྱི་དོན་ལ་ནམ་ཡང་བརྟུན་པ་མི་ལྷོད་པའི་དབང་ལས། བསམས་བཞིན་དུ་སྲིད་པར་སྐྱེ་བ་བཞེས་ནས་གདུལ་བྱའི་སྐལ་བ་དང་མཚམ་པར་གང་ལ་གང་འདུལ་གྱི་སྐུར་སྟོན་པ་སྟེ། བདག་ཉིད་ཆེན་པོ་འདི་ནི་མ་འོངས་པའི་དུས་སུ་ཀུན་གཟིགས་རྒྱལ་པོ་ཞེས་བྱ་བའི་དེ་བཞིན༌[B:༡༠] གཤེགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི། སློབ་པ་ལམ་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་འཕགས་པ་འཇམ་པའི་དབྱངས་ཤེས་བྱ་བར་གྲགས་པ་དེའི་རྣམ་པར་སྤྲུལ་པ་སྟེ། དེ་དག་གི་མཛད་པའི་མཐའ་མ་ལུས་པ་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་མཐའ་དག་གིས་ཀྱང་བརྗོད་པ་ལས་འདས་ན། བདག་འདྲ་བས་ཅི་ཞིག་སྤོབས། དེ་ལྟ་བས་ན་སྙིགས་མའི་དུས་འདིར་ཀུན་མཁྱེན་བཀྲ་ཤིས་རྣམ་པར་རྒྱལ་བ་ཞེས་བྱ་བའི་མཚན་གྱིས་