R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༡ན
[A:༢༡ན]སོགས། །འཇིགས་སུ་རུང་བའི་ཆོ་འཕྲུལ་དང་བཅས་པས། གནམ་ལྕགས་དྲག་པོ་འབབ་པར་གཟས་པའི་ཚེ། བདག་ཉིད་ཆེན་པོ་འདིས་ཏིང་ངེ་འཛིན་ཟབ་མོ་ལས་མ་གཡོས་བཞིན་དུ་དྲག་སྔགས་སྒྲོག་ཅིང་ཕྱག་གཡས་པའི་སྡིགས་འཛུབ་ཀྱིས་དེད་པས། འདི་ཉིད་དུ་འབབ་པར་བརྩམས་[C:297]པའི་གནམ་ལྕགས་ཀྱི་ཐོག་དེ་རྣམས་བྱང་གི་ཕྱོགས་སུ་བྲོས་ནས། དཔག་ཚད་མང་པོ་འདས་པའི་ཕ་རོལ་དུ་སོང་བ་དང༌། ཀླུ་གོང་བའི་མི་ངོ་རྣམས་གང་དུ་ཕྱིན་པའི་ས་ཕྱོགས་སུ་རྒྱལ་པོ་རྗེས་སུ་འབྲངས་ནས། སྒབ་འདྲེར་གྱུར་པ་ན། བདག་ཉིད་ཆེན་པོ་འདི་ལ་ཚར་གཅོད་པར་གསོལ་བ་བཏབ་པས། དྲག་པོའི་སྦྱིན་སྲེག་གིས་སྡིགས་པར་མཛད་ནས་བསྐྲད་པས། རེ་ཞིག་བར་ལ་རི་བོ་དགེ་ལྡན་གྱི་རྒྱབ་རིའི་མགུལ་དུ་གནས་བཅས་ཏེ་འདུག་པ་ལས། ལན་ཅིགགཅིག་ཆོས་རྗེ་ཀུན་བཀྲས་པའི་ཉེར་གནས་ལ། བན་གཟུགས་གདོང་ཐམས་ཅད་མེས་ཚིག་པའི་ཤུ་ཐོར་གྱིས་གང་བ་ཞིག་ཏུ་དངོས་སུ་བསྟན་ནས། སྦྱིན་སྲེག་གིས་ཚིག་པ་སོགས་སྔོན་གྱིས་ལོ་བརྒྱུསརྒྱུས་རྣམས་བརྗོད་དེ། རང་གནས་སུ་ལོག་ཆོག་པའི་ཞུས་སྣར་སྦྲན་པ་ལས། ཏེང་ངེ་འཛིན་གློད་ནས་སྔར་མལ་དུ་གནས་སུ་བཅུག་པའི་རྗེས་སུ། བཙན་དགོན་ཕྱོགས་སུ་འགྲུལ་བྱེད་པའི་གྲྭ་པ་འགའ་ཞིག་ལ་གནོད་ཚེའཚེ་བྱས་པ་ན། འབྱུང་པོ་དེ་ལ་ཐུགས་བརྩེ་བས་ཏིང་ངེ་འཛིན་གྱི་ངང་ནས་དེའི་གནས་སུ་གཤེགས་ཏེ། རྟེན་སྦྱར་པའི་སྡོང་པོ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་སྐུ་ཆོས་ཀྱིས་བཅིངས་ནས་འབྲོས་པའི་སྐབས་དང་བྲལ་བར་མཛད་དེ། སླར་ཡང་དེའི་བྲན་དུ་གཏོགས་པ་གདུག་ཅིང་རྩུབ་པའི་སེམས་འཆང་བ་སྲིད་པ་གསུམ་གྱི་འཇིག་རྟེན་གྱི་ཁམས་ན་ཡོད་དོ་ཅོག་སྔགས་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱིས་དབང་མེད་དུ་བཀུག་ནས་རྟེན་དེ་ལ་བསྟིམ་སྟེ། སྦྱར་སྡོང་ལ་སྟ་རེ་བསྣམ་