[A:༢༣ན]འགྲོ་ཀུན་ཐུགས་རྗེའི་ཆར་གྱིས་རབ་ཏུ་བསིལ། །
ཞི་བའི་བདེ་ལ་འགོད་པའི་སྐལ་བཟངས་བརྩལབཟང་བསྩལ། །
ཁྱོད་ཐུགས་སྙིང་རྗེ་ཆེན་པོའི་རང་གདངས་ལས། །
བགེགས་འདུལ་ཁྲོ་ཚོགས་མང་པོའི་འཕྲོ་འདུ་ཡིས། །
གཉིས་སྣང་སྲིད་པའི་འཆིང་བ་རབ་བཀྲོལ་ནས། །
འགྲོ་ཀུན་བདེ་བ་ཆེན་པོའི་གླིང་དུ་བསྒྲལ། །
དེ་དག་ནི་མཐུ་སྟོབས་ཀྱི་རྫུ་འཕྲུལ་མངོན་པར་འདུ་མཛད་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་རྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ།། །།
མཁྱེན་ཡོན་གྱིས་ཐུགས་རྒྱུད་ཡོངས་སུ་རྫོགས་ཏེ་རྗེས་དཔག་གི་རྟགས་མངོན་དུ་གྱུར་པའི་གཏམ།
དེ་ལྟར་འཇིག་རྟེན་པ་དང་རྗེས་སུ་འཐུནམཐུན་པའི་ཆོ་འཕྲུལ་སྣ་ཚོགས་པ་མངོན་པར་འདུ་མཛད་པ་ཙམ་དུ་མ་ཟད། ས་དང་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པ་ཐུགས་ལ་འཁྲུངས་ཤིང༌། གྲུབ་པའི་རྟགས་ཀྱང་མང་དུ་སྟོན་པར་མཛད་དེ། སྐུ་གཞོན་ནུའི་དུས་ཀྱི་རྣམ་པར་ཐར་པ་སྨོས་པ་རྣམས་ནི་ཐེག༌[B:༤༦] པ་ཆེན་པོར་རིགས་སད་པའི་རྟགས་དང༌། གཡུ་མཚོའི་ཁ་ལ་སོགས་པར་མི་ཟས་ལ་མ་རྟེན་པར་ཡུན་རིང་དུ་བཞུགས་ཀྱང༌། སྐུ་ལུས་རབ་ཏུ་རྟས་ཤིང༌། ཐུགས་དམ་རིན་པོ་ཆེ་གོང་དུ་འཕེལ་བ་ལ་སོགས་པ་ནི། ཁམ་གྱི་ཟས་ལ་ཆགས་པ་དང་བྲལ་བའི་བསམ་གཏན་གྱི་ཏིང་ངེ་འཛིན་མངོན་དུ་གྱུར་བའི་རྟགས་དང༌། ལུགས་གཉིས་ཀྱི་མཛད་པ་གང་ལ་སྤྱོད་ཀྱང་ཐོས་བསམ་སྒོམ་གསུམ་ལས་ཅུང་ཟད་ཀྱང་མ་གཡོས་པར་སྤྱོད་པས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ཐོབ་པ་ནི་དཀོན་མཆོག་མངོན་པར་རྟོགས་པ་ཐོབ་པའི་རྟགས་དང༌། རྫུ་འཕྲུལ་འདུ་མཛད་པའི་[C:302]ཚུལ་གོང་དུ་སྨོས་པ་རྣམས་དང་དགོན་གནས་རབ་ཏུ་མང་པོ་བཏབ་ཅིང༌། རྟེན་གསུམ་འཛམ་བུའི་གླིང་དུ་ཡ་མཚན་ཆེ་བ་རྣམས་བཞེངས་པའི་ཚེ་ནའང་འབད་རྩོལ་ལ་མ་ལྟོས་པར་ཏིང་ངེ་འཛིན་གྱི་ངང་མི་གཡོ་བར་འགྲུབ་པ་དང༌། དུས་ནམ་ཡང་འཆད་རྩོད་རྩོམ་གསུམ་དང་