R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༣བ
[A:༢༣བ]ཐུགས་དམ་འཆག་མེད་ཀྱི་རིམ་པ་ལས་གཡོས་མི་སྲིད་པར་གཞན་དོན་རྒྱ་ཆེར་འགྲུབ་པ་ལ་སོགས་པ་ནི། རྫུ་འཕྲུལ་ལ་མངའ་བརྙེས་པའི་རྟགས་དང༌། ཆོས་ཀྱི་རྗེ་གོ་བོ་རབ་འབྱམས་པས་གཙང་ཕྱོགས་ལ་སློབ་གཉེར་ལ་འགྲོ་བར་ཞུས་པ་ན། མ་འོངས་པ་མཁྱེན་ཏེ། ད་རེས་བར་ཆད་ཅུང་ཟད་འབྱུང་སྲིད་པ་འདུག་སོས་ཀ་སོང་ཞེས་བཀའ་སྩལ་བ་ལ། ད་རེས་རང་ཕྱིན་ཆོག་པའི་ཞུ་བ་ནན་གྱིས་བྱུང་དུས། དབུ་ཞྭ་ཞིག་གནང་ནས། ཅིས་ཀྱང་འགྲོ་ན་འདི་གྱོན་ལསནས་སོང་འདིས་ཕན་ཐོགས་པ་ཡིན་ཞེས་གསུང་བའི་ཚེ། དབུ་ཞབས་ཀྱི་ཐིལ་ལ་རེག་པའི་སྨོན་ལམ་བཏབ། ཟླ་བོ་མེད་པར་བོང་བུ་ཞིག་ལ་ཇ་གཉིས་བཀལ་ནས་སོང་བས། སེ་རུ་དཀར་ཁུང་དུ་བོང་ཁལ་ལོག་པ་ལ་འཇུས་པས་མ་ཐུབ་པར་མི་བོང་ཁལ་གསུམ་ཆུ་འཁྲིས་སུ་ལྷུང་ནས་ཅི་བྱའི་གཏོལ་བྲལ་བའི་སྐབས་སུ། དབུ་ཞྭ་ཞྭ་སེར་དེ་གཙང་པོའི་གཞུང་ལ་ཁྱེར་བྱུང་བ་ལས་ཡར་ལ་འགྲོ་བའི་འགྲུལ་པ་དག་གིས་མཐོང་ནས། ཞྭ་འདི་གྱོན་མི་དེ་ཆུ་ནང་ན་ཟགས་ཡོད་པར་གདོན་མི་ཟ་བས། དེ་ལ་ཕན་པར་བྱའོ་ཞེས་གླེང་བཞིན་པར་འོངས་པས། མི་བོང༌[B:༤༧] རྣམས་ཟགས་པའི་རྗེས་དེ་རིག་ནས་བལྟས་པས། མི་བོང་གཉིས་ཆུའི་འཁྲིས་ཕྱེད་ནུབ་ཙམ་ན་མ་ཤི་བར་འདུག་པ་མཐོང་ནས་ཐག་པའི་ཞུར་ལ་དྲངས། ཆུ་འཁྲིས་ནས་ཐག་པ་གང་གི་ཚད་ཙམ་ན་ཕ་བོང་ཞིག་ལ་ཇ་སིག་[C:303]གཉིས་པོ་ཆུའི་རླབས་ཀྱིས་ཁལ་བཀལ་བ་ལྟར་བྱས་འདུག་པ་ལ་ཞགས་པ་འཕངས་ནས་བཏོན་པས་མ་ཉམས་པར་ཐོན་ཏོ། །འབྲས་ཡུལ་སྐྱེད་མོས་ཚལ་དུ་བཏོལ་བས། ཀུན་མཁྱེན་གོ་བོ་རབ་འབྱམའབྱམས་པ་ཞེས་སྙན་པའི་གྲགས་པ་སྲིད་གསུམ་དུ་གཡོ་བ་འདི་ལྟ་བུ་བྱུང་ངོ༌། །དེའི་ཚེ་དབུ་ཞྭ་དེ་མེད་ན་ཆུ་ནང་དུ་ཁྱག་དྲིར་འཆི་བ་ལས་གཞན་པའི་ཐབས་མི་འདུག །ཁྱེད་ཀྱི་ཨ་ཁུ་