R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༢༤ན
[A:༢༤ན]དེ་ལ་མངོན་མཁྱེན་ཡ་མཚན་ཅན་མངའ་བ་ཡིན། གསུང་བ་རྗེ་ཉིད་ལས་དངོས་སུ་ཐོས་པ་དང༌། གཞན་གྲྭ་བུ་སློབ་དང་། ཡོན་བདག་སོགས་ལ་མངོན་མཁྱེན་ཡིན་པར་མི་གསུང་ཀྱངཡང༌། མ་འོངས་པའི་སྤང་བླང་ཇི་ལྟར་ལུང་བསྟན་པ་བཞིན་ཐོག་ཏུ་བབས་པ་མང་པོ་བྱུང་བ་ལ་སོགས་པ་རྣམས་ནི། མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བའི་རྟགས་དང༌། ཆར་པ་འབེབས་གཅོད་དང༌། སད་སེར་ཐོག་གསུམ་བསྲུང་བ་ལ་འབད་རྩོལ་མི་དགོས་པར་ཐུགས་འདུན་གཏད་པ་ཙམ་གྱིས་དོན་འགྲུབ་པ་དང༌། བྱང་གི་དབྲོག་དཀར་བྲག་ཕུག་ཏུ་ཐུགས་དམ་ལ་བཞུགས་དུས་བྲག་ལ་ཕྱག་གསོན་པའི་རྗེས་གསལ་བར་དོད་པ་བྱུང་ཞིང༌། ཕུགས་གསར་ནས་རྒྱལ་གྱི་རྩིབས་རི་ལ་ཐེགས་པའི་ལམ་དུ་ཆིབས་ཐོག་ནས་ལྷུང་ཚུལ་བསྟན་པའི་སར་ཤིན་དུ་སྲ་བའི་རྡོ་བ་ལ་ཞབས་གཉིས་ཀ་ནུབ་པའི་རྗེས་གསལ་བར་དོད་པ་དང༌། སེང་གེ་ཕུག་ན་རྡོ་ལ་ཞབས་གཡས་པའི་རྗེས་གསལ་བར་དོད་པ་གཉིས་ཡོད་པ་ལ་སོགས་པ་རྣམས་ནི་འབྱུང་བ་ལ་རང་དབང་ཐོབ་ཅིང་གནས་ལུགས་མངོན་དུ་གྱུར་པའི་རྟགས་དང༌། ལོངས་སྤྱོད་མི་ཟད་པ་ནམ་མཁའི་མཛོད་ལ་མངའ་བརྙེས་པས། ཅི་ཙམ་སྤྱད་ཀྱང་ཟད་མི་[C:304]ཤེས་ཤིང༌། འགྲོ་བ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བཀའ་ཉན་ཞིང་གསུང་བསྒྲུབས་ནས། དགོས་དགུ་ཅོག་ལྷུན་གྲུབ་ཏུ་འབྱུང་བ་ནི། སྣང་སྲིད་དབང་དུ་འདུས༌[B:༤༨] པའི་རྟགས་དང༌། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མངོན་ཞེན་ལོག་པར་མངོན་སུམ་གྱིས་གྲུབ་པ་དང༌། མེ་དང་ཆུ་ལ་སོགས་པ་འབྱུང་བའི་གནོད་པ་དང་། འབྱུང་པོའི་གནོད་པས་གཙེས་པ་མང་པོ་ཞི་བར་གྱུར་ཅིག་པའི་གསུང་བྱོན་པ་ཙམ་གྱིས་གནོད་པ་དེ་དག་ཞི་ནུས་པའི་བདེན་ཚིག་གྲུབ་པ་དང༌། གཉིད་རྨུགས་སོགས་སྒྲིབ་པ་ལྔ་དང་ནམ་ཡང་འགྲོགས་མི་སྲིད་པ་དང༌། ཙཱ་རི་ནས་ཕྱིར་