[A:༣༤ན]དོན་ཡོད་རྣམ་རྒྱལ་བའི་བར་དུ་ཕྲིན་ལས་རྣམ་པར་དཀར་བའི་རྒྱུན་མ་འཆད་པར་མཛད་ཅིང༌། དགེར་དུ་ལུང་རིགས་འབྲུག་སྒྲ་དང༌། རིགས་ལམ་གསལ་བྱེད་ལ་འཆད་ཉན་བྱེད་པའི་གྲྭ་ཚང་ཀྱངཡང་བཅུ་གསུམ་ཙམ་འཛུགས་པར་མཛད། བྱམས་ཆེན་ཆོས་སྡེར་ཀྱངཡང་གསུང་རྒྱུན་འཛིན་པ་ལ་དགེ་རྒྱས་གྲྭ་ཚང་བྱ་བ་བཙུགས་ནས་གསུང་ལས་སྐྱེས་པའི་གནས་ལྔ་རིག་པ་ཆེན་པོ་དཀར་ཤཱཀ་སྨྲ་བའི་དབང་པོ་འཆད་ཉན་ལ་བསྐོ་བར་མཛད་པ་དང༌། སྔོན་དགའ་ཆོས་སྡེར་ཀྱངཡང་གསུང་རྒྱུན་འཆད་པའི་གྲྭ་ཚང་དྲུག་བཙུགས་ནས་བུ་སློབ་མཁས་པ་རྣམས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ལ་བསྐོ་བར་མཛད། དཔལ་གྱི་རྩེས་ཐང་དུ་སྤུ་གུ་དོ་པའི་རྒྱ་ཚོར་གྲགས་པ་ལ་བདག་རྐྱེན་མཛད་དེ། མཁས་པའི་ཡང་མཁས་མཆོག་ཆེན་པོ་དཔལ་འབྱོར་རྒྱ་མཚོ་བ་གསུང་སྒྲོས་ཀྱི་ཆོས་སྟོན་པ་པོར་བསྐོས་པས་བསྟན་པ་ལ་ཕྱག་བྲིས་རྒྱ་ཆེན་པོ་དོད་པ་བྱུང་ཞིང༌། དྭགས་པོ་སྐུ་རབ་པའི་རྒྱལ་སྲིད་ཆོས་ཀྱི་འཁོར་ལོར་བསྒྱུར་བར་བཞེད་ནས། ཡབ་ལ་དགེ་འདུན་གྱི་སྡེ་འཛུགས་པར་གསོལ་བས། མངའ་ཞབས་ལ་འཐུས་བཙུན་ཀྱང་འགའ་ཞིག་བསྡུས་ཤིང༌།
ཕྱགས་ཕྱི་དྲུང་སྐོར་དུ་གཏོགས་པའི་ལོ་སུམ་བཅུརཅུར་མ་ལོངས་པ་རྣམས་གཉིས་གཉིས་ཟུང་དུ་བྱས་ནས་རྒྱན་འདོར་དུ་སྩལ་ཏེ། དེར[C:326]་ནི་ཆོས་སྒོར་བཅུག་པའི་དགེ་འདུན་ཉིས་བརྒྱ་ལྷག་ཙམ་ལ་འཚོ་བ་སླ་ནས་སྦྱར་ཏེ་སློབ་གཉེར་གྱི་གྲ་བཅས། ཀློག་པ་ལ་འབད་དུ་བརྩལབསྩལ་བའི་མུར། མེ་མོ་སྦྲུལ་གྱི་ལོ་ལ་བདག་ཉིད་ཆེན་པོ་འདི་དྭགས་པོར་ཆོས་བར་ལ་ཕེབས་པའི་ཚེ་ཉ་མཆོད་པའི་དགོན་ལག་ལྕང་ར་བྱ་བ་སྔ་ཉིད་ནས་རིན་གྱིས་ཉོས་ཏེ་ཕྱག་ན་ཡོད་པ་དེར་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བས། དགེ་འདུན་གྱི་ཚོགས་རྣམས་སྐུ་རབ་ནས་གསུང་ཆོས་ལ་བསྙག་པར་བྱས་པ་ཅུང་ཟད་ཐག་