[A:༣༥ན]ཐམས་ཅད་ལ་བསྟན་པའི་གཞི་རྟེན་དུ་དགོན་གནས་འདེབས་པར་བསྐུལ་བ་དང༌།
དགོན་གནས་དེ་ཆགས་པའི་རྟེན་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་བརྟེནརྟེན་བཞེངས་པར་བསྐུལ་བ་དང༌། དེ་དར་རྒྱས༌[B:༦༧] སྤེལ་བའི་ཐབས་སུ་དགེ་འདུན་གྱི་སྡེ་བཤད་སྒྲུབ་ཀྱི་སྙིང་པོ་ཅན་འཛུགས་པར་བསྐུལ་བ་སོགས་མཛད་པས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཕྱག་བྲིས་སུ་མཛད་ཅིང༌། ཁྱད་པར་དུ་དཔལ་ལྡན་ས་སྐྱ་པའི་བསྟན་པ་ས་ཆེན་པོ་འཁོར་ཡུག་དང་བཅས་པར་ཁྱབ་པར་སྤེལ་ལོ། །བྱེ་བྲག་ཏུ་ཤྲཱི་ནཱ་ལེནྡྲའི་ཆོས་ཀྱི་སྡེ་ཆེན་པོ་འདི་བཏབ་ནས། ལྷ་ཆེན་དང་དངུལ་གདུང་སོགས་རྟེན་ངོ་མཚར་ཅན་རྣམས་བཞེངས་པ་སོགས་ཀྱི་ཚུལ་ནི། རོང་སྟོན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ཕྱོགས་མཐའི་བུ་སློབ་ལ་ཐུགས་ཀྱི་བརྩེ་བས་སངས་རྒྱས་ཀྱི་བསྟན་པའི་གཞི་རྟེན་དུ། དཔལ་ལྡན་ས་སྐྱ་པའི་ཆོས་སྡེ་ཞིག་མཛད་པར་བཞེད་པས། རིགས་ལྔ་ལྷ་ཁང་དང༌། བྱང་ཆུབ་གླིང༌། ལྷ་རིང་བྲག་[C:328]ཞོལ། སྙེ་ཕུ་སོགས་སུ་མཁར་ལས་ཀྱི་སྟ་གོན་མང་དུ་མཛད་ཀྱང་ཅུང་ཟད་རྟེན་འབྲེལ་མ་འགྲིག་པས། འཕན་ཡུལ་གྱི་སའི་ཐིག་ལེ་རྣམས་སུ་དགོན་ས་ཚོལ་བར་དཔོན་སློབ་ཕྱེད་དང་ལྔ་བརྒྱ་ཕྱིན་ཆོས་བར་བཏེག་པའི་མཚམས་སུ། བདག་ཉིད་ཆེན་པོ་འདི། ལྷ་དབུ་ཚལ་པའི་ཞལ་ངོ་རྣམས་ཀྱིས། སྙེ་ཕུ་མཐོང་སྨོན་དུ་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་ན། དབེན་པ་ལ་དགྱེས་པའི་དབང་གིས། སྙེ་ཕུ་ཤུག་བསེབ་ཏུ་ཕྱགས་ཕབ་ནས་གསུང་ཆོས་ཀྱི་བཀའ་དྲིན་བསྩལ་བ་ན་ཕྱོགས་ཕྱོགས་ནས་བྱ་བྲལ་ཕོ་མོ་མང་དུ་འདུས་པ་རྣམས་གནས་ཁང་གིས་དབུལ་བར་བྱས་པས། ཆོས་ཞུ་རིང་གི་གནས་ཁང་རང་ཤོང་ཙམ་སྤང་ལས་བྱས་པ་དང་ས་ཕག་ལས་བྱས་པ་དང་ལོ་མ་ལས་བྱས་པ་དང་ས་ཕུག་ཕྱེད་ཡོལ་ཅན་ལ་སོགས་པ་མང་དུ་འཕེལ་བ་ལ། བཅོལ་བསྒྲོགཅལ་སྒྲོག་ལ་དགའ་